PEN GROUP

སྐུའི་འཁྲུངས་སྐར་དང་། སྨྱུག་སྡེ་སྙན་དེབ།རྩོམ་སྒྲིག་པའི་གཏམ། དོན་བྱ་དུ་མའི་ཐག་སྐུད་ཀྱིས་ང་ཚོའི་ཡན་ལག་དང་ཉིང་ལག་གང་པོ་བཀྱི...
06/07/2018

སྐུའི་འཁྲུངས་སྐར་དང་། སྨྱུག་སྡེ་སྙན་དེབ།

རྩོམ་སྒྲིག་པའི་གཏམ།

དོན་བྱ་དུ་མའི་ཐག་སྐུད་ཀྱིས་ང་ཚོའི་ཡན་ལག་དང་ཉིང་ལག་གང་པོ་བཀྱིགས་སོང་བས། དོན་དམ་དུ་དབྱངས་གསལ་གྱི་ཀློང་སྤྲུགས་ནས་མི་སེམས་སྒུལ་བའི་རོལ་དབྱངས་ཀྱི་སྐྱ་ཐིག་འབེབས་མཁན་དཀོན་སོང་།

དབྱངས་གསལ། རོལ་མོ་ལྟར་དུ་འཁྲོལ་མཁན་དང་། འགྱིག་བྱེ་རིལ་ལྟར་དུ་ལྡད་མཁན་ནི་མང་མང་གི་མཐོང་སྣེ་ན་མི་མཇལ་བའི་སྦས་མཐའི་འཁྱམས་པོ་དག་རེད། ད་ལན་ཡང་དབྱངས་གསལ་གྱི་འཇའ་གུར་ཀློང་དུ་ཆུ་བུར་མིག་གི་སྤྱོད་ཡུལ་ལས་འདས་པའི་འཇིག་རྟེན་གཞན་ཞིག་ཡོད་པར་ཐེ་མི་ཚོམ་པའི་འཁྱམས་པོ་སྐོར་ཞིག་དང་འགྲོགས་ནས། སྨྱུག་སྡེས་མུ་མཐུད་ནས་གོམ་པ་མདུན་དུ་སྤོས་ཡོད། སྨྱུག་སྡེས་འཁྱམས་པོ་ཚོ་ཡི་ལས་དབང་ལ་རྔོ་ཐོགས་ནུས་པ་གང་ཡང་མེད་ནའང་། ཁོང་ཚོའི་སྨྱུ་གུའི་གཟི་འོད་དང་། རྣམ་ཤེས་ཀྱི་རྒྱུད་སྐུད་དཀྲོལ་བའི་རོལ་མོ་ཁུར་ནས། ༸གངས་ཅན་མགོན་པོའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཆོད་སྤྲིན་དུ་དམིགས་ཏེ་སྤྱི་ཚོགས་མདུན་ཐོན་ཡོད།

འདི་ནས་དམིགས་ཀྱིས་བཀར་ནས་ཞུ་བྱ་ལ། བོད་ཀྱི་དེང་རབས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ནས་ང་ཚོའི་བཅར་འདྲི་དང་ལེན་གྱི་བཀའ་དྲིན་བསྐྱངས་པ་དང་། ཧྥ་རན་སིར་གནས་སྡོད་པ་མཁྱེན་ཡངས་ཅན་སྐུ་ཞབས་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ནས་གསེར་ལས་དཀོན་པའི་དུས་ཚོད་སྤྱད་དེ་ཧྥ་རན་སིའི་གྲགས་ཅན་སྙན་ངག་པ་ཞག་ལི་བྷོ་དྷི་ལེར་གྱི་མི་ཚེའི་ལོ་རྒྱུས་དང་། ཁོང་གི་སྙན་ངག་བརྩམས་ཆོས་རེ་གཉིས་ཧྥ་ཡིག་ཐོག་ཡོད་པ་གཙོ་བོར་གཞིར་བཞག་ནས་བྲིས་གནང་བའི་འོ་བརྒྱལ་བསྐྱོན་གནང་བ་བཅས་ལ། ངེད་སྨྱུག་སྡེ་རྩོམ་སྒྲིག་པས་བོད་ཀྱི་དབྱངས་གསལ་ལ་དགའ་ཞེན་ཆེ་བའི་ཀློག་པ་པོ་ཡོངས་ཀྱི་ཚབ་ཞུས་ཏེ་ཞེ་གཏིང་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
སྨྱུག་སྡེ་རྩོམ་སྒྲིག་པས་ ༦/༡༥/༢༠༡༨ ཉིན།

རྩོམ་བསྡུ་གསལ་བརྡ།
06/04/2018

རྩོམ་བསྡུ་གསལ་བརྡ།

Published
04/07/2017

Published

རྩོམ་བསྡུ་གསལ་བརྡ།
20/03/2017

རྩོམ་བསྡུ་གསལ་བརྡ།

སྨྱུག་སྡེས་མི་རིགས་དང་སྐད་ཡིག་གི་བླ་སྲོག་མཐོ་རུ་འདེགས་བཞིན།  ཤེས་ཡོན་པའི་རུ་དཔུང་ཞིག་གི་གྲོགས་དང་བསྡོངས་ཏེ་གངས་ཅན་མགོན་པ...
06/07/2016

སྨྱུག་སྡེས་མི་རིགས་དང་སྐད་ཡིག་གི་བླ་སྲོག་མཐོ་རུ་འདེགས་བཞིན། ཤེས་ཡོན་པའི་རུ་དཔུང་ཞིག་གི་གྲོགས་དང་བསྡོངས་ཏེ་གངས་ཅན་མགོན་པའི་སྐུ་ཡི་འཁྲུངས་སྐར་བསུ་རུ་ཐོན་ཡོད་པས། སྙིང་ཉེ་རྣམས་ཀྱི་དགའ་བས་ལོངས་སུ་སྤྱོད་རོགས།

རྩོམ་བསྡུའི་གསལ་བརྡ།
23/03/2016

རྩོམ་བསྡུའི་གསལ་བརྡ།

འདས་པའི་ལོ་ངོ་གཉིས་ནས་བཟུང་། རྒྱལ་བའི་འཁྲུངས་སྐར་དང་སྟབས་བསྟུན་གངས་རིའི་མགོན་པོ་གང་ཉིད་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིག...
07/07/2015

འདས་པའི་ལོ་ངོ་གཉིས་ནས་བཟུང་། རྒྱལ་བའི་འཁྲུངས་སྐར་དང་སྟབས་བསྟུན་གངས་རིའི་མགོན་པོ་གང་ཉིད་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་འདོན་སྤེལ་ཞུས་པའི་སྨྱུག་སྡེའི་ཚགས་ཤོག་ཀྱང་། ད་ལམ་༸འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་འདིར། སྙན་ངག་དུས་དེབ་ཏུ་གོ་འཕོས་ནས་མགོན་པོ་གང་གི་འཁྲུངས་སྐར་ལ་ལེགས་སྐྱེས་ཀྱི་ཚུལ་དུ། གངས་རིའི་མགོན་པོའི་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ཡོངས་འགྲུབ་ཀྱི་སྨོན་འདུན་དང་བཅས། སྙིང་ཉེ་བའི་རྩོམ་པ་པོ་རྣམ་པ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཐོན་ཡོད་པས། དགྱེས་གཟིགས་གནང་བར་ཞུ།

སྨྱུག་སྡེ་ལ་དགའ་ཞེན་ཟབ་པའི་ཀློག་པ་པོ་རྣམ་པ།
06/07/2013

སྨྱུག་སྡེ་ལ་དགའ་ཞེན་ཟབ་པའི་ཀློག་པ་པོ་རྣམ་པ།

06/07/2013
07/06/2013
06/07/2013

07/06/2013

Address

Ngagyur Nyingma Institute, P. O. Bylakuppe
Mysore
541104

Website

Alerts

Be the first to know and let us send you an email when PEN GROUP posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to PEN GROUP:

Share

Category


Other Magazines in Mysore

Show All