VOA TIBETAN

VOA TIBETAN Welcome to the official page of Voice of America (VOA) Tibetan! Voice of America (VOA) is the largest U.S.

international broadcaster, providing news and information in more than 40 languages to an estimated weekly audience of more than 326 million people. For over 30 years, VOA Tibetan has offered objective and comprehensive news and is today hailed as one of the most influential Tibetan language multi-media platforms in the world. VOA Tibetan produces content for digital, television, and radio platfor

ms. VOA Tibetan can be accessed via podcasts, social media, and is distributed by satellite.

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་༡༩༩༠་ཕྱི་ཟླ་༢་ཚེས་༡༦་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་རང་གི་སྐད་ཡིག་གི་རྒྱང་སྲིང་ལས་རིམ་ཞིག་འཛུགས་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ཚུགས་པ་ཞིག་ཡིན། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བདུན་ཕྲག་རེར་ཆུ་ཚོད་གཉིས་རེའི་བརྙན་འཕྲིན་དང་ཆུ་ཚོད་༢༤་རེའི་རླུང་འཕྲིན་བོད་ལ་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད།

VOA Tibetan Service began with a 15-minute shortwave radio broadcast on March 25, 1991. VOA Tibetan can be accessed via podcasts, social media, and is distributed by satellite.


《ཀུན་གླེང་།》
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་གླེང་བྱེད་པའི་ལེ་ཚན་ཞིག་ཡིན།


《ཀུན་གླེང་གསར་འགྱུར།》
ཀུན་གླེང་གསར་འགྱུར། ཀུན་གླེང་གསར་འགྱུར་ནི་ནོར་བུ་བསམ་འཕེལ་ལགས་དང་འཕྲིན་ལས་ཆོས་སྒྲོན་ལགས་གཉིས་ཀྱིས་ཕྱོགས་བསྡུས་བྱས་ཏེ་གཟའ་ལྷག་དང་པ་སངས་ཉིན་བརྙན་འཕྲིན་དང་རྒྱང་བསྒྲགས་གཉིས་ཀར་ཅིག་ཅར་རྒྱང་སྲིང་བྱེད་པའི་བོད་དོན་དང་འཛམ་གླིང་གསར་འགྱུར་གྱི་ལེ་ཚན་ཞིག་ཡིན།།

VOA Tibetan Kunleng TV is simulcast live on television via satellite, on shortwave radio, and via the Internet in real-time. For Kunleng TV, Tune every Wednesday and Friday at 1400-1500 UTC, 10:00 pm to 11:00 pm Lhasa time to watch Kunleng Live.

01/15/2025

བྷ་ཌན་གྱིས་ཁོང་གི་ཕྱི་སྲིད་ལ་བརྟེན་ནས་ཨ་རི་ཤུགས་ཆེར་གྱུར་ཡོད་ཟེར།
Biden touts a ‘stronger’ America because of his foreign policy
སྲིད་འཛིན་བྷ་ཌན་གྱིས་ལས་དུས་མ་རྫོགས་པའི་བདུན་ཕྲག་གཅིག་གི་སྔོན་དུ་ཕྱི་འབྲེལ་གྱི་གྲུབ་དོན་སྐོར་གསུང་བཤད་གནང་ཡོད་པ་དང་། བདམས་ཐོན་སྲིད་འཛིན་ཊམ་གྱིས་སྲིད་ཇུས་ཀྱི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་རྒྱུའི་གསལ་བསྒྲགས་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
President Joe Biden laid out his foreign policy doctrine Monday in a sweeping speech just a week before he leaves office. He laid out his argument for staying the course just days before the return of President-elect Donald Trump, who has vowed to steer the ship in a different direction. VOA’s Anita Powell reports from the White House.
🎥 For the latest news and more, visit here: https://bit.ly/3f4uu18

01/14/2025

ཁེ་ལི་ཧྥོར་ནི་ཡའི་མེ་སྐྱོན་ཇེ་ཆེར་འགྲོ་བཞིན་པ། California fires rage on despite added firefighting resources
ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་ལོསི་ཨེན་ཇེ་ལེ་སིའི་ནང་མེ་སྐྱོན་གྱི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པ་དང་། ས་གནས་ཀྱི་གནམ་གཤིས་གནས་སྟངས་ཀྱིས་མེ་སྐྱོན་གྱི་གནས་སྟངས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་རེད།
Wildfires in the Los Angeles, California area are raging and weather conditions aren’t helping matters, with winds picking back up. VOA’s Veronica Balderas Iglesias has the story
➡️ For the latest news and more, watch or listen in to VOA Tibetan Television and radio broadcast here: https://bit.ly/3f4uu18

ས་ཡོམ་འགུལ་ཚད་ཀྱི་རིམ་པ་མི་འདྲ་བ་བྱུང་དོན་དང་ས་ཡོམ་འབྱུང་རྐྱེན་ལ་ཚན་རིག་གི་འགྲེལ་བརྗོད། ས་ཡོམ་བྱུང་རྗེས་གཟའ་འཁོར་གཅིག་འད...
01/14/2025

ས་ཡོམ་འགུལ་ཚད་ཀྱི་རིམ་པ་མི་འདྲ་བ་བྱུང་དོན་དང་ས་ཡོམ་འབྱུང་རྐྱེན་ལ་ཚན་རིག་གི་འགྲེལ་བརྗོད། ས་ཡོམ་བྱུང་རྗེས་གཟའ་འཁོར་གཅིག་འདིའི་རིང་གི་རོགས་སྐྱོར་ངལ་སེལ་དང་འགྲོ་འདུག་ལ་དམ་དྲག་གིས་དཀའ་ངལ་འཕྲད་བཞིན་པ་བཅས་བགྲོ་གླེང་ཞུ་རྒྱུ་ཡིན།
སང་ཉིན་གྱི་ཀུན་གླེང་བརྗོད་གཞི་འདིའི་སྟེང་དྲི་བ་དང་དགོངས་ཚུལ་ཅི་ཡོད་གཤམ་འོག་ཏུ་མཆན་འགོད་པར་ཞུ།

01/14/2025

ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེན་མོ་ཀུམ་བུ་མེ་ལ་ཚོགས་བཞིན་པ། Millions take holy dip for absolution as India's Maha Kumbh Mela begins
ཁ་སང་རྒྱ་གར་བྱང་ཕྱོགས་སུ་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཀུམ་བུ་མེ་ལ་ཞེས་པ་མི་ས་ཡ་མང་པོ་འདུ་འཛོམས་བྱེད་རྒྱུའི་དུས་ཆེན་དེ་དབུ་འཛུགས་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས། Millions of Hindus seeking absolution of their sins immersed themselves on Monday (January 13) in freezing waters at the confluence of India’s sacred rivers on the first day of a six-week festival that is said to be the world's largest religious gathering.
➡️ For the latest news and more, watch or listen in to VOA Tibetan Television and radio broadcast here: https://bit.ly/3f4uu18

རྒྱ་ནག་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨེ་ལན་མ་སི་ཀ་ལ་བཙོང་སྲིད། China Considers Selling TikTok US Operations to Musk as a ...
01/14/2025

རྒྱ་ནག་གིས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨེ་ལན་མ་སི་ཀ་ལ་བཙོང་སྲིད། China Considers Selling TikTok US Operations to Musk as a Potential Option
༄༅།། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨ་རིའི་ནང་དུ་བཀག་སྟེ་བཙོང་དགོས་བྱུང་ན་ཕྱུག་བདག་ཨེ་ལན་མ་སི་ཀ་ལ་བཙོང་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨ་རིའི་ནང་དུ་བཀག་སྟེ་བཙོང་དགོས་བྱུང་ན་ཕྱུག་བ...

01/14/2025

དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གི་སྲིད་ཁྲིམས་ལ་དཔྱད་ཞིབ། Analysis of the CCP's control over the Tibet earthquake disaster and global attention
ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་གདན་ཞུས་ཀྱིས་དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གཞུང་གི་སྲིད་ཁྲིམས་ཐད་བགྲོ་གླེང་ཞུས་ཡོད།
On January 7, 2025, a powerful earthquake struck Dingri, Tibet. The United States Geological Survey (USGS) measured the earthquake’s magnitude at 7.1, which, according to China’s national earthquake emergency response plan, classified it as a particularly significant disaster requiring a Level I response. However, Chinese state media reported a lower magnitude of 6.8, and the death toll has remained fixed at 126.
Meanwhile, local Tibetans and those who traveled to the disaster area to provide assistance have reported that the region is under strict control. Local residents are prohibited from posting images and videos related to the disaster online, while Chinese state media and social media platforms are flooded with optimistic portrayals of the post-disaster relief efforts. In light of this, we invited Dolma Kyab, a Chinese legal researcher, to offer a legal perspective on the Chinese Communist Party’s strict control measures regarding the Tibet earthquake. Additionally, we have invited Tsultrim Gyatso, Chinese Liaison Officer at the Office of Tibet, to analyze the level of attention the disaster has received from Tibetans both domestically and abroad, as well as from the international community. Host,Tsering Wangmo with guests Dolma Kyab and Tsultrim Gyatso.
➡️ For the latest news and more, watch or listen in to VOA Tibetan Television and radio broadcast here: https://bit.ly/3f4uu18

01/14/2025

ཀུན་གླེང་གསར་འགྱུར། ༢༠༢༥ ཟླ་༡ ཚེས་༡༤Kunleng News Jan 14, 2025
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་གྲ་སྒྲིག་དང་། དམིགས་བསལ་ཁྲིམས་སྦྱོར་བས་ཊམ་དང་འབྲེལ་བའི་སྙན་ཐོ་བཏོན་པ། དཀྱིལ་ཤར་དམག་འཁྲུག་གི་གྲོས་མོལ། ཨ་རིའི་ནང་གི་མེ་སྐྱོན། རྒྱ་གར་གྱི་ཧིན་རྡུའི་དུས་ཆེན་སྲུང་བརྩི་སོགས་ཡོད།
➡️ For the latest news and more, watch or listen in to VOA Tibetan Television and radio broadcast here: https://bit.ly/3f4uu18

01/14/2025

Watch Kunleng Full Broadcast Live Jan 14, 2025 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ་༡ ཚེས་༡༤
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་གྲ་སྒྲིག་དང་། དམིགས་བསལ་ཁྲིམས་སྦྱོར་བས་ཊམ་དང་འབྲེལ་བའི་སྙན་ཐོ་བཏོན་པ། དཀྱིལ་ཤར་དམག་འཁྲུག་གི་གྲོས་མོལ། ཨ་རིའི་ནང་གི་མེ་སྐྱོན། རྒྱ་གར་གྱི་ཧིན་རྡུའི་དུས་ཆེན་སྲུང་བརྩི་སོགས་ཡོད།

ཐེངས་འདིའི་ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་དང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་གདན་ཞུས་ཀྱིས་དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གཞུང་གི་སྲིད་ཁྲིམས་ཐད་བགྲོ་གླེང་ཞུས་ཡོད།

01/14/2025

ཨ་རིའི་ནུབ་མཐའི་མངའ་སྡེ་ཁེ་ལི་ཧྥོར་ནི་ཡའི་ལྷོ་རྒྱུད་གྲོང་ཁྱེར་ནང་ལ་མེ་སྐྱོན་ཤོར་ནས་ལོ་རྒྱུས་རང་བཞིན་གྱི་གོད་ཆག་ཆེ་ཤོས་ཞིག་བྱུང་ནས་དེ་རིང་བདུན་ཕྲག་གཅིག་ཕྱིན་པ་ཡིན་ནའང་། མདང་དགོང་དེ་ཁུལ་མེ་ལྕེ་གསར་པ་མཆེད་བཞིན་པ་སོགས་ལྷག་པའི་ཁྲོད་མེ་སྐྱོན་གྱི་ཉེན་ཁ་ད་དུང་ཡོལ་མེད་པ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས།

01/14/2025

ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ལས་དུས་རྫོགས་ལ་ཉེ་བའི་སྐབས་འདིར་ཁོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་བདམས་ཐོན་སྲིད་འཛིན་ཊམ་གྱི་མི་སྣ་ཚོ་དང་མཉམ་དུ་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་མཐའ་མ་ཞིག་གནང་བཞིན་པའི་སྐོར། འདི་གའི་གསར་འགོད་པས་བཏང་པའི་གནས་ཚུལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ།

གློ་བོའི་མཛེས་ལྗོངས་ཀྱི་བརྙན་པར་འགྲེམ་སྟོན། Panoramic Photo Exhibition on Mustang Unveiled in Kathmandu
01/14/2025

གློ་བོའི་མཛེས་ལྗོངས་ཀྱི་བརྙན་པར་འགྲེམ་སྟོན། Panoramic Photo Exhibition on Mustang Unveiled in Kathmandu

༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་གློ་བོའི་ཡུལ་གྱི་མཛེས་ལྗོངས་གསལ་བའི་བརྙན་པར་༣༠་ཐམ་པའི.....

འཛམ་གླིང་གི་ཆོས་ལུགས་བྱེད་སྒོའི་འདུ་འཛོམས་ཆེ་ཤོས་ཧིན་དྷུའི་ ཀུམ་མཱེ་ལ་འཚོགས་བཞིན་པ་དང་སྟབས་བསྟུན་ནས། ཁས་ས་ཕྱི་ཟླ་ ༡ ཚེས་...
01/14/2025

འཛམ་གླིང་གི་ཆོས་ལུགས་བྱེད་སྒོའི་འདུ་འཛོམས་ཆེ་ཤོས་ཧིན་དྷུའི་ ཀུམ་མཱེ་ལ་འཚོགས་བཞིན་པ་དང་སྟབས་བསྟུན་ནས། ཁས་ས་ཕྱི་ཟླ་ ༡ ཚེས་ ༡༣ ཉིན་བོད་ནང་ས་ས་ཡོམ་གྱི་གོད་ཆག་ཕོག་པར་གདུང་སེམས་མཉན་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་འདུག །
སྐབས་དེར་ཧིན་དྷུའི་བླ་ཆེན་ སཱོ་འ་མི་ ཅི་དྷ་ནན་དྷ་ སཱ་རཱ་སི་ཝ་ཏི་ (Swami Chidanand Saraswati) མཆོག་ནས་དེ་རིང་ངས་རྒྱ་གར་བྱང་ཕྱོགས་ཡུ་པི་མངའ་སྡེའི་གནས་མཆོག་སངྒམ་ཆུ་བོའི་འགྲམ་ནས་ཉེ་ལམ་བོད་ནང་བྱུང་བའི་ས་ཡོམ་གོད་ཆག་སྐབས་རྐྱེན་ལམ་དུ་ཕྱིན་པ་དང་། གཞིས་ཁྱིམ་ལ་གཏོར་བཤིག་ཕྱིན་པ་དག་ལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ད་རེས་ཀྱི་མར་མེའི་མཆོད་པ་འདི་ཡང་ཁོང་རྣམས་ལ་ཆེད་དུ་དམིགས་པ་ཞིག་ཡིན་ལ། ང་ཚོ་རྒྱ་གར་མི་མང་ཚང་མ་ཁྱེད་ཅག་དུ་མཉམ་དུ་ཡོད། རྒྱ་གར་དང་རྒྱ་ནག བོད་གསུམ་པོ་ཇི་སྲིད་བར་འཆམ་མཐུན་དང་ཞི་བདེ་མཉམ་གནས་སུ་གནས་དགོས་པ་ཡིན་ཞེས་ཨས་ཨན་ཨའེ་ (ANI) གསར་ཁང་ལ་གསུངས་ཡོད་འདུག །
13th January, 2025; Prayagraj, UP: “Today, I prayed on the bank of Sangam – for those people who suffered as many houses were destroyed and lives were lost in Tibet and Nepal due to a disastrous tragedy (earthquake),” said Swami Chidanand Saraswati who spoke to ANI during the aarti at the Sangam in Prayagraj, held as part of the Mahakumbh Mela, one of the largest and most significant Hindu festivals.
The aarti was performed to honor the memory of those who lost their lives and to express solidarity with the victims of the 7.1 magnitude earthquake that struck Tibet’s Dingri County and the surrounding areas. Swami Chidanand emphasized, “All of India is with them.”

01/14/2025

བར་འདུམ་གཏོང་མཁན་གྱིས་དེ་རིང་རེས་གཟའ་ཟླ་བའི་ཉིན་ལ་ཨི་སི་རལ་དང་ཧ་མ་སི་ཕྱོགས་གཉིས་ཀར་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་ཆོད་མ་ཟིན་ཞིག་ཕུལ་ཡོད་པ་དང་། བྷ་ཌན་དང་ཊམ་རྣམ་གཉིས་ཀྱིས་བཏང་བའི་སྐུ་ཚབ་ཀྱིས་དེ་དོན་དོན་འབྲས་སོན་ཡོད་པའི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་དོན་ལ་དཔྱད་ཞིབ།སང་ཉིན་གྱི་ཀུན་གླེང་བརྗོད་གཞི་འདིའི་སྟེང་དྲི་བ་དང་...
01/14/2025

དིང་རིའི་ས་ཡོམ་དང་འབྲེལ་བའི་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་དོན་ལ་དཔྱད་ཞིབ།
སང་ཉིན་གྱི་ཀུན་གླེང་བརྗོད་གཞི་འདིའི་སྟེང་དྲི་བ་དང་དགོངས་ཚུལ་ཅི་ཡོད་གཤམ་འོག་ཏུ་མཆན་འགོད་པར་ཞུ། ང་ཚོས་སང་ཉིན་ཀུན་གླེང་ལས་རིམ་ཐད་གཏོང་སྐབས་སུ་འབྲེལ་ཡོད་ཀྱི་དྲི་བ་དང་དགོངས་ཚུལ་ཁག་ཅིག་འདེམས་སྒྲུག་གིས་སྐུ་མགྲོན་དང་བགྲོ་གླེང་ཞུ་རྒྱུ་ཡིན་པ་ལགས་ན་དེ་ལུགས་དགོངས་འཇགས་འཚལ། མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ།

01/13/2025

རྒྱུད་སྟོད་མཁན་ཟུར་ངག་དབང་འབྱོར་ལྡན་མཆོག་ཕྱི་ཟླ་༡ ཚེས་༡༢ ཉིན་སྤྱན་རྒྱ་སྤོས་སྣེ་དང་བཅས་དགའ་ལྡན་ཚོགས་ཆེན་གྱི་ལས་སྣེ་རྣམ་པ་དང་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ཀྱི་ཕེབས་བསུའི་ཁྲོད་རྗེ་ཙོང་ཁ་པའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་འདུ་ཁང་ནང་གདན་ཞུ་དང་ཤར་པ་ཆོས་རྗེའི་ཁྲིར་མངའ་གསོལ་ཞུས།

01/13/2025

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའམ། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་སྐུ་ཨཛ་ར་ཛེ་ཡ་ མཆོག་ཁས་ཉིན་ཕྱི་ཚེས་ ༡༡ ཉིན་མོར་ཁོང་གི་ལས་ཡུན་མཐའ་མ་དེ་ཆགས་ཡོད་པ་ཁོང་གི་ X དྲ་རྒྱའི་ཐོག་བརྒྱུདབསྒྲགས་གནང་ཡོད་ཅིང་།

01/13/2025

རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་། ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་ཀིརྟི་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གཙོས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག

01/13/2025

བོད་མིའི་སྒྲིག་འཛུགས་ནས་བོད་དེང་རི་ཁུལ་དུ་ས་ཡོམ་གོད་ཆགས་འོག་འདས་གྲོངས་སུ་ཕྱིན་པ་དང་། རྨས་སྐྱོན་ཕོགས་པ་སོགས་ཀྱི་ཞིབ་ཕྲའི་གྲངས་ཐོ་འཁོད་པའི་གནས་ཚུལ་ཨ་རི་དང་། ཕ་རན་སི། ཉི་ཧོང་།རྒྱ་གར་སོགས་རྒྱལ་ཁབ་མང་པོའི་གཞུང་འབྲེལ་སྐུ་ཚབ་དང་སྒྲིག་འཛུགས་ཁག་གིས་གདུང་སེམས་མཉམ་བསྐྱེད་དང་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་།

Address

330 Independence Avenue SW
Washington D.C., DC
20237

Alerts

Be the first to know and let us send you an email when VOA TIBETAN posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to VOA TIBETAN:

Share

Our Story

GO TO 24 HOUR RADIO http://www.voanews.com/wm/live/live-tibetan-a.asx For more information, visit www.voatibetan.com