ངག་དབང་རྣམ་རྒྱལ་མཁྱེན་ནོ།།
ལོ་སྔོན་མང་པོའི་རྒྱབ་ནས།།
དྲིན་ཅན་བླ་མས་ཞལ་རས།།
ཁ་པར་བརྙན་ཐུང་རྒྱུད་ནས།།
མཇལ་བའི་གོ་སྐབས་འབྱུང་སོང་།།
དྲན་ཞིང་བླ་མ་དྲན་ནོ།།
བསམ་བཞིན་སེམས་པ་སྐྱོ་བ།།
ནམ་ཡང་བྲལ་བ་མེད་པར།།
སྙིང་གའི་པད་མོར་བཞུགས་རོགས།།
བྱ་ཏེ་ཀ་ལ་པིང་ཀ།
གཤོག་རྩལ་མཁའ་རུ་ལྡིང་ནས།།
བྲིས་པའི་འཕྲིན་ཆུང་ཡི་གེ།
བླ་མའི་ཕྱག་ཏུ་ཕུལ་རོགས།།
དྲིན་ཅན་བླ་མའི་སྐུ་ཚེ།
མི་འགྱུར་རྟག་བརྟན་བཞུགས་རོགས།།
སློབ་བུས་རྒྱ་གར་ཡུལ་ནས།།
མཇལ་འདོད་རེ་སྒུག་བྱས་ཡོད།།
༧སྐྱབས་རྗེ་སྟག་སྣ་རིན་པོ་ཆེ་འཇིགས་མེད་མི་འགྱུར་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས། མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་། མཁའ་མཉམ་སེམས་ཅན་གྱི་དོན་དུ། སྐུ་ཚེ་དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཞུགས་སུ་གསོལ་ཞེས་རེ་སྨོན་དང་སྒོ་གསུམ་གུས་པར་བཅས་ཏེ། སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་སྐུའི་འཁྲུངས་སྐར་གྱི་ཉིན་མོར་འཚམས་འདྲི་གྲངས་མེད་ཞུ་ཞུ།
དཔག་བསམ་ཤིང་གི་གྲིབ་བསིལ་གྱིས། །
འགྲོ་བའི་ཚ་གདུངས་ཡོངས་བསལ་ཏེ། །
བྱམས་བརྩེའི་འོད་དཀར་ལས་འཁྲུངས་པའི། །
སྐྱབས་རྗེ་སྟག་སྣའི་ཞབས་བརྟན་ཤོག །
གང་གི་མཛད་འཕྲིན་མཐའ་བྲལ་བ། །
བསྟན་པའི་ལག་རྗེས་བརྗོད་འདས་པ། །
གདུལ་བྱའི་སྐྱེ་འགྲོ་བགྲངས་མེད་པ། །
གང་གི་མཛད་བཟང་སུ་ཡིས་བརྗོད། །
ཁོང་གི་ཐུགས་བསྐྱེད་སྨོན་ལམ་གྱིས། །
འཛིན་མའི་ཁ
རྣམ་གསུམ་གོས་ལ་བདག་རང་དད་པ་ཆེ།།
བྱང་ཆུབ་མ་ཐོབ་བར་དུ་འབྲལ་སེམས་མེད།།
ངུར་སྨྲིག་འཛིན་པའི་དགེ་སློང་རང་དུ་སྨོན།།
༧མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱིས།
Acharya dancing ceremony at Druk Ngawang Thubten Choling, Shabdrung Monastery, Bodhgaya Bihar India
Acharya dancing ceremony at Druk Ngawang Thubten Choling, Shabdrung Monastery, Bodhgaya Bihar India
ཐུབ་བསྟོད་གང་ཚེ་རྐང་གཉིས་མའི་ཆོས་དབྱངས། བརྙན་གསར།
བཀའ་དྲིན་ཅན་གྱི་བདག་ཉིད་དཔལ་ལྡན་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་མོ་འདི་ལ་བཀྲ་ཤིས་བདེ་ལེགས་
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག།།
ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དང་།།
སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་རུ།།
གུས་པའི་སྒོ་ནས་ཞབས་གཉིས་སྤྱི་བོར་ལེན།།
ཅི་གསུངས་བསྒྲུབས་པས་ཐུགས་དགོངས་རྫོགས་བྱས་ཏེ།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།།
༄༅། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན་། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། ། མཁྱེན་པས་མ་རིག་མུ
༈རྒྱལ་བ་མདོ་ཁམས་པ་མཁྱེན་ནོ། །
བཀྲ་ཤིས་པའི་གསོ་སྦྱོང་སྐབས་ཀྱི་མཐོང་སྣང་གཟིགས་པ་ལེགས་སོ། །