དེ་རིང་༢༥ ཉིན་ཨོ་སི་ཁྲོ་ལི་ཡའི་སིཌ་ནི་ཁེམ་བྷེལ་
ཊོནAustraliaSydney Campbelltown དུ་གཟའ་མཇུག་བོད་ཡིག་འཛིན་གྲྭ་ཞིག་དབུ་དབྱེད་གནང་འདུག དབུ་འབྱེད་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་གཅོད་དང་། གཞན་ཡང་ཆོས་ཚོགས་ཁག་གཉིས་ཀྱི་བླ་གྲྭ་དང་ས་གནས་ཀྱི་ཚོགས་གཙོ། དེ་བཞིན་ཕྲུ་གུ་དང་ཕྲུ་གུའི་ཕ་མ་འགའ་བཅས་མཉམ་ཞུགས་གནང་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་གྱི་ཡོད་པ་བཞིན། འདི་ལོ་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་ཞིག་བོད་ཡིག་དང་དབྱིན་ཡིག་རྒྱ་ཡིག་བཅས་སྐད་ཡིག་གསུམ་ནང་བཏོན་གནང་སོང་།སྐབས་དེར་ཕྱི་ལོ་༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྔར་ལས་དམ་དྲག་དང་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་།Tibetan Centre for Human Rights And Democracy (TCHRD) released their annual report for the year 2023 on “Human Rights Situation in Tibet”, at their office in Dharamsala today. The report is published in three languages: Tibetan, English and Chinese. It covers, under the theme of “Freedom of Expression”, “Education and Language Rights”, “Arbitrary Detention and Torture” and “Freedom of Religion and Belief”-the China’s grave violations of Human rights inside Tibet.
དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མར་ཊིན་ལུ་ཐར་ཀིང་གི་སྲས་དང་ཁོང་གི་ནང་མི་རྣམས་མཇལ་ཁ་བསྩལ།
དེ་རིང་ཕྱི་ཚེས་༡༦་གི་ཕྱི་དྲོར་བོད་ནང་དཀར་མཛེས་ཉག་ཆུ་རྫོང་གི་མགར་ར་ཡུལ་ཚོའི་(བེ་གཟི?)་གྲོང་གི་ནགས་སུ་མེ་ཆེན་པོ་ཤོར་འདུག
ད་ལྟ་ཡང་མེ་ཆེན་པོ་འབར་བཞིན་པ་རྒྱ་མི་ཡུལ་སྐོར་བ་འགས་ཐད་གཏོང་བྱེད་བཞིན་འདུག་ལ། མི་ཁ་ཤས་ཀྱིས་མེ་འབར་ས་ཐད་གཏོང་བྱས་ན་ཉེན་ཁ་ཡོད་ཚུལ་བཤད་སོང་བས་རྒྱ་མི་དེས་ཐད་གཏོང་བཀག་སོང་། འོན་ཀྱང་རྒྱ་གཞུང་གི་གསར་ལམ་དང་མི་གཞན་གྱིས་མེ་ཤུགས་ཆེར་འབར་སའི་བརྙན་གང་སར་གཏོང་བཞིན་འདུག་ཀྱང་། ད་ལྟའི་ཆར་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཕོག་མིན་དང་རྒྱ་གཞུང་ནས་མེ་གསོད་མཁན་དུས་ཐོག་ཏུ་བཏང་མིན་ད་ལྟ་ཤེས་རྟོགས་ཡོང་གི་མི་འདུག
ཟླ་༣ ཚེས་༩ ཉིན་ཨ་རིའི་ནིའུ་འཇར་སིས་མངའ་སྡེའི་ཤར་ཕྱོགས་རཱ་དར་ཧྥོར་(East Rutherford) གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པས། དེ་རིང་ཞོགས་པའི་ཆུ་ཚོད་༡༠ པའི་ཐོག་ཐེངས་དང་པོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སོང་།
སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པས་བོད་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གནས་ཐབས་ཆེད་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གཏམ་བཤད་གནང་སོང་།
དེ་རྗེས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས། བོད་ཀྱི་རྒྱལ་དར་དེ་ཉིན་བདུན་འཇོག་རྒྱུ་ཡིན་པ་མ་ཟད། ལོ་ལྟར་འདིར་སྒྲེང་འཛུགས་བྱེད་རྒྱུ་རེད་འདུག
སྐབས་དེར་ནིའུ་ཡོག་ནིའུ་འཇར་སིས་ཀྱི་མི་མང་༥༠༠ ལྷག་མཛད་སྒོ་དེར་དགའ་སྤོབས་ཆེན་པོས་མཉམ་བཞུགས་གནང་འདུག །
གནས་ཚུལ་དང་པར་བརྙན་སྤྱི་ཟུར་ངག་དབང་ཐར་པས་མཁོ་སྤྲོད་གནང་།
ཟླ་འདིའི་ཚེས་༤ ཉིན་བོད་ནང་གི་ཚོང་པ་ཆེན་པོ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་མོ་སྐྱིད་ཀྱིས་ཞུམ་པ་མེད་པར་མུ་མཐུད་དུ་ལྷ་སའི་ཁྲིམས་ཁང་མདུན་དུ་དྲང་བདེན་རྩོད་བཞིན་འདུག "༢༠༢༤ ལོའི་ཟླ་༣་ཚེས་༤ ཉིན་ལ་རེད། དེ་རིང་གི་ཉིན་ལ་རེད། འདི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་སོང་ཟེར་རྒྱུའི་དབང་ཆ་དང་ཐོབ་ཐང་མེད་པ་ལ་བརྟེན་ནས། རྡོ་རྗེ་བཀྲ་ཤིས་ལ་ནང་དུ་བཙོན་ལས་བྱེད། ང་ཚོའི་ནང་མི་ཚོར་ཕྱི་རུ་བཙོན་ལས་བྱེད་དེ་བསྡད་ཡོད། གནས་ལུགས་དང་དྲང་བདེན་བཤད་པའི་དབང་ཆ་དང་ཐོབ་ཐང་དེ་མང་ཚོགས་ལ་མི་འདུག ཡོད་ཚེ་ང་ཚོར་བཙོན་ལས་བྱེད་དགོས་དོན་མེད། འདི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་ཅིག་སོང་ཟེར་རྒྱུའི་དབང་ཆ་དང་ཐོབ་ཐང་མེད་ཙང་། ང་ཚོར་འདི་ལྟར་བཙོན་ལས་བྱེད།”
ཟླ་༢ ་ཚེས་༢༩ ཉིན་ཧྥ་རན་སི་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ས་གནས་ཚོགས་པ་ཁག་ཐུན་མོང་གིས་ཧྤ་རན་སིའི་རྒྱལ་ས་པེ་རི་སི་(Paris) ་ལ་་མཉམ་རུབ་ཐོག་བོད་སྡེ་དགེ་ས་ཁུལ་དུ་རྒྱ་ནག་སྲིད་གཞུང་གིས་འབྲུ་ཆུའི་གཞུར་རྒྱུན་དུ་སྐམ་ཐོག་ཆུ་གློག་ས་ཚིགས་ཞེས་པ་འཛུགས་བསྐྲུན་དེ་མཚམས་འཇོག་དགོས་པ་དང་། དེའི་མཐའ་སྐོར་གྱི་སྡེ་བ་ཁག་ཅིག་དང་དགོན་པ་ཁག་གནས་སྤེར་དགོས་པའི་བཙན་བཀའ་ཕྱིེར་བསྡུ། དེ་བཞིན་ཆུ་མཛོད་ཞི་རྒོལ་བ་༡༠༠༠ ་འཕྲད་དུ་གློད་བཀྲོལ་དགོས་པའི་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག
བརྙན་དབང་། ཧྥ་རན་སིའི་བོད་རིགས་གསར་འགྱུར་བརྙན་འཕྲིན་ཁང་།
ཟླ་འདིའི་ཚེས་༢༩ ་ཉིན་བྷེལ་ཇམ་ནང་ཡོད་པའི་བོད་རིགས་ཚོགས་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ཚོགས་པ། དབུས་གཙང་ཆོལ་ཁ། མདོ་སྨད་ཆོལ་ཁ་བཅས་ཚོགས་པ་ཁག་དྲུག་གི་གོ་སྒྲིག་འོག ས་གནས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་དུ་བོད་མི་ཚོས་རྒྱ་གཞུང་གིས་བོད་མི་གནས་སྤོའི་བཙན་བཀའ་ཕྱིར་བསྡུ་དང་། ཆུ་མཛོད་ལས་གཞི་མཚམས་འཇོག འཛིན་བཟུང་བྱས་པའི་བོད་མི་དག་འཕྲལ་དུ་གློད་བཀྲོལ་དགོས་པ། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་སོགས་ཀྱི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག
བརྙན་དབང་། Belgium Tibet Melong
ཟླ་འདིའི་ཚེས་༢༨ ་རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་དུ་ཡོད་པའི་བོད་མི་ཁག་ཅིག་གིས་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་གྲོང་སྡེ་དང་དགོན་པ་གནས་སྤོ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
བརྙན་དབང་། དབྱིན་ཡུལ་བོད་རིགས་ཚོགས་པ།
ཕྱི་ཟླ་༡༢ ཚེས་༩ ཉིན་གྱི་ཞོགས་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་སོང་།
* མགོན་པོ་གང་གི་ད་ལྟའི་མཛད་འཆར་ལྟར་ན་ཕྱི་ཚེས་༡༢ཉིན་འབྲས་ལྗོངས་སྒང་ཏོག་ཏུ་ཆོས་འབྲེལ་བསྩལ་རྒྱུ་དང་།
* ཕྱི་ཚེས་༡༤ ཉིན་ནུབ་བྷང་གལ་ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་དུ་ཆོས་འབྲེལ་བསྩལ་རྒྱུ།
*ཕྱི་ཚེས་༢༠ ཉིན་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གནང་རྒྱུ།
*ཕྱི་ཚེས་ ༢༣ཉིན་འཛམ་གླིང་ཞི་བདེའི་སྨོན་ལམ་ལ་དབུ་བཞུགས་གནང་རྒྱུ།
*ཕྱི་ཚེས་ ༢༩ ནས་ཚེས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྩལ་རྒྱུ།
*ཕྱི་ལོ་༢༠༢༤ ཟླ་བ་ ༡ ཚེས་ ༡ཉིན་གནས་མཆོག་རྡོ་རྗེ་གདན་དུ་མགོན་པོ་གང་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གནང་སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་བཞུགས། དགའ་ལྡན་ལྔ་མཆོད་དམ་བཅུ་པའི་ལྔ་མཆོད་ཆེན་མོ་ནི་རི་བོ་དགེ་ལུགས་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་པའི་དགོངས་རྫོགས་མཆོད་འབུལ་ལམ། རྗེས་དྲན་དང་མྱ་ངན་ཞུ་བའི་དུས་ཆེན་ཞིག་ཡིན་པ་དང་། ལོ་ལྟར་བོད་ཟླ་༡༠ ཚེས་༢༥ ལ་རི་བོ་དགེ་ལུགས་པའི་གདན་ས་ཁག་དབུས་པའི་དགོན་སྡེ་དང་དད་ལྡན་མི་མང་རྣམས་ཀྱིས་དུས་ཆེན་སྲུང་བརྩི་ཞུ་གི་ཡོད།
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པ་རྣམས་ལ་མཇལ་ཁ་གནང་།