Druk Shabten

Druk Shabten Longevity practices for The Gyalwang Drukpa, Mayumla (mother of His Holiness), His Holiness the Je Khenpo and all enlightened masters.
(1)

02/11/2024

🙏 𝐏𝐀𝐑𝐓 𝟐𝟐 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

སྔར་དུས་སྤྲུལ་སྐུའི་མིང་འདོགས་ཁྲིར་གསོལ་བ།།ཁང་བཟང་འདེགས་ལ་ཀ་ཆེན་གཙོ་བ་བཞིན།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་བྱེད་པ་ལ།།གཞན་ལས་ལྷག་པའི་ཐུགས་ཁུར་བཅོལ་བར་སེམས། །

In the past, beings recognized and enthroned as a Trulku,
Were like the main pillars supporting a mansion,
Always accepting special responsibility,
For upholding, preserving, and spreading the Dharma.

ལ་ལ་དམ་པའི་སྐྱེ་སྤྲུལ་ཡིན་ངེས་ཀྱང་།།སྐུ་ཚེ་སྔ་མའི་བག་ཆགས་བཟང་པོ་ནུབ།།
རྟོགས་པའི་ཡོན་ཏན་ནང་ནས་མ་ཤར་ན། །ཚུལ་མིན་ངན་རྟོག་བདུད་ཀྱིས་བསླུས་ཀྱང་སྲིད། །

Some may be the genuine reincarnations of supreme beings,
But if the fine qualities of past lives have faded,
And true realizations do not arise within,
They may be misled by the demon of negative thoughts.

རང་དོན་རྟོགས་པ་མངོན་དུ་མ་གྱུར་རིང་།།ལྟར་སྣང་འགྲོ་དོན་དུག་ལྟར་འཛེམ་ན་ལེགས།།
རེ་འདོད་འཛིན་རྩོལ་མུན་པ་སངས་པ་ན།།རྩོལ་མེད་འཕྲིན་ལས་འོད་སྟོང་འཕྲོ་བར་འགྱུར། །

Until one achieves true realization for the self-liberation,
It’s wise to avoid the activities of benefiting others,
Once the darkness of hope, desire, grasping, and effort is lifted,
Countless rays of effortless activity will shine forth.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

31/10/2024

🙏 𝐏𝐀𝐑𝐓 𝟐𝟏 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

ཟུང་འཇུག་ཡེ་ཤེས་ནང་ནས་མ་རྟོགས་ན།།ཕྱི་ཡི་འབུལ་དངོས་བཟང་ཡང་ལན་ཆགས་ཀྱི།།
བུ་ལོན་སྐུ་ལུས་སྟེང་ནས་འཇལ་དགོས་ཚེ། །གཙང་བླ་རྟ་ནག་ཅན་འདྲ་འོང་བར་ངེས། །

If one has not internally realised the Wisdom of Union,
Fine external material offerings are karmic debts,
That one has to repay with one’s body,
Same as Lama Tanak of Tsang.

ཆོས་བརྒྱད་འཛིན་པ་ཁོང་ནས་མ་ཞིག་ན།།བདུད་བཞིའི་ནང་ནས་དགའ་བྲོད་ལྷ་བུའི་བདུད།།
བླ་སྤྲུལ་སྐུ་བསོད་ཅན་ལ་འོང་ཉེ་བས།།དེ་ལས་རྒྱལ་བའི་ཐབས་ལ་འབད་པར་མཛོད། །

If the attachment to the eight worldly dharmas is not internally broken,
Devaputra, the joyful among the four demons,
Is likely to appear to the lamas and Trulkus with so called ‘good fortune’.
So,make an effort to overcome this.

(Devputra demon is called demon of the son of the gods, it comes in the form of fame, prosperity, followers etc and distracts one from the spiritual path)

ལས་དང་ཉོན་མོངས་འཆིང་བ་ལས་གྲོལ་ཞིང་།།རང་གནས་ཆོས་སྐུའི་ངང་ལས་མ་གཡོས་ན།།
དེ་ཉིད་སངས་རྒྱས་ཡིན་ཞེས་ཀུན་གྱིས་བསྟོད།།སྤྲུལ་མིང་ཙམ་ལ་རེ་བས་ཅི་ཞིག་བྱ། །

The one who has broken the bonds of karma and afflictions,
And remains steady in the state of Dharmakaya,
Is honoured by all as the Buddha.
What is the value of merely wishing for the title of a Trulku?

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏🙏
30/10/2024

🙏🙏🙏

🙏 𝐏𝐀𝐑𝐓 𝟐𝟎 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

སངས་རྒྱས་སྒྲུབ་པའི་ཐབས་ལམ་ཆོས་ཡིན་ཀྱང་།།ཆོས་བཞིན་མི་བྱེད་རང་ཉིད་ངན་འགྲོའི་རྒྱུ།།
ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ་ན།།བསླབ་གསུམ་རྣམ་དག་བསྟན་པ་གང་གིས་འཛིན། །

Though Dharma is the path to achieving Buddhahood,
Not following the Dharma leads to rebirth in lower realms.
If someone who appears to be a Dharma practitioner engages in non-Dharmic actions,
Then who will uphold the pure teachings of the three trainings?

གང་ཞིག་མི་ཆོས་བླ་མའི་རྫུན་བྱེད་པ།།འགྲོ་བ་ལྷ་དང་བཅས་པའི་ཆོམ་རྐུན་ཞེས།།
རྒྱལ་བས་ཡང་ཡང་གསུངས་པ་བདེན་གྱུར་ན།།ཆོས་མཛད་རྣམས་ཀྱིས་སྙིང་ལ་བཟོད་ལགས་སམ། །

“A worldly person falsely claiming to be a qualified guru,
Is called bandit of beings and gods”,
The Victorious One has repeatedly said.
Can the Dharma practitioners tolerate such action?

ལྕགས་གོང་མེ་ལྕེ་འབར་བ་ཟོས་པ་མཆོག།ནང་དུ་རིག་གྲོལ་ཡོན་ཏན་མི་ལྡན་པས།།
ཡུལ་འཁོར་བསོད་སྙོམས་ཟ་བ་དེ་ལྟ་མིན།།ཞེས་པའང་དམ་ཆོས་འདུལ་བའི་ལུང་ལས་བྱུང་། །

Without the internal qualities of intellect and liberation,
It is better to eat iron ball with blazing flame,
Rather than eating alms and donations received from others.
So says the Vinaya Scripture.

ཕྱི་ཡི་བདུད་ནི་པད་འབྱུང་སོགས་ཀྱིས་བཏུལ།།ནང་གི་རྣམ་རྟོག་བདུད་ལ་ཟད་པ་མེད།།
ཆོས་མཛད་རྣམས་ཀྱི་སྙིང་ལ་ཞུགས་པ་ན།།སངས་རྒྱས་བསྟན་པ་མི་རིང་བརླག་པར་འགྱུར། །

The external demons were subdued by Padmasambhava and others,
But the demon of inner thoughts is endless.
When it takes root in the hearts of Dharma practitioners,
Buddha’s teachings will soon be destroyed!

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

❤️😀🙏
28/10/2024

❤️😀🙏

🙏 𝐏𝐀𝐑𝐓 𝟏𝟗 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

འོན་ཀྱང་དེ་འདྲ་གང་ཡང་མི་འདོད་ལ།།ཚེ་འདིར་བཟའ་བཏུང་ཙམ་གྱིས་ཆོག་པ་དང་།།
ཕྱི་མ་དམྱལ་བའི་ཁང་བཟང་ཉམས་དགའ་བར།།གཏན་དུ་བཞུགས་པར་སྤྲོ་ན་གང་དགར་མཛོད། །

But if you have no desire to benefit others,
And are satisfied with just food and drink in this life,
And wish to live forever in the pleasant palace of hell,
Then go forth and act as you please.

རང་སེམས་ཆོས་དང་མཐུན་པར་མ་གྱུར་ན། །བདུད་ཅེས་བྱ་བ་གར་ཡོད་མ་ངེས་ཏེ།།
ཕ་མ་སློབ་དཔོན་སོགས་ཀྱི་ཚུལ་བཟུང་ནས།།སྐྱེ་བོ་ལོག་པའི་ལམ་དུ་འཁྲིད་ལ་བརྩོན། །

If one's mind is not aligned with Dharma,
The presence of a so-called "demon" cannot be defined.
In the guise of parents, teachers, and others,
It seeks to lead beings down the wrong path.

ནང་དུ་རང་སེམས་ཉོན་མོངས་ལས་གྲོལ་ན།།ཕྱི་རུ་འཁོར་བའི་འཇིགས་པ་ཀུན་ལས་གྲོལ།།
དེ་ལ་ཡང་དག་དམ་པའི་ལྷ་ཆོས་ཟེར།།ལྟར་སྣང་ཁ་འཛིན་ཆོས་ལ་མ་རེ་མཛོད། །

If one’s mind is internally liberated from afflictions,
One is delivered from all external worldly fears,
This is called the authentic divine Dharma,
Do not rely on apparently verbal Dharma.

རང་ཉིད་སྤྲུལ་མིང་སོགས་ལ་ཁ་གཡར་ནས།།རྙེད་བཀུར་ཆེད་དུ་རྒྱལ་ཁམས་ཡོན་བདག་བསླུས། །
སངས་རྒྱས་བསྟན་པའི་སྲོག་རྩ་གཅོད་བྱེད་ན།།དོན་ལ་དུད་འགྲོ་གསོད་མཁན་ལས་ཀྱང་ཐུ། །

Riding high on the name and identity of a Trulku,
Deceiving patrons near and far for gain and honour,
It undermines and cuts the lifeline of Buddha Dharma,
This is, in fact, worse than killing animals.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏🙏
26/10/2024

🙏🙏🙏

🙏 𝐏𝐀𝐑𝐓 𝟏𝟕 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

བྱང་སེམས་ལྡན་པ་ཚེ་འདིར་དམན་གྱུར་ཀྱང་།།དོན་ལ་ལྷ་མིའི་ཕྱག་གི་གནས་སུ་གྱུར།།
སྡིག་པའི་སེམས་ལྡན་ཁ་དྲག་དབང་ཆེ་ཡང་།།དོན་ལ་དམྱལ་བའི་མེ་ཡི་བུད་ཤིང་ཡིན། །

Even if one’s means are modest in this life, if one possesses Bodhicitta (wish for enlightenment),
They are revered by both gods and humans.
On the contrary, the arrogant and powerful with sinful minds,
Are, in reality, fuel for the fires of hell.

སྡིག་པའི་ལས་ནི་གང་དང་གང་བྱེད་ཀྱང་། །རང་གཞན་ཀུན་ལ་སྡུག་གི་སྣ་འདྲེན་ཡིན།།
དགེ་བའི་ལས་ནི་གང་དང་གང་བྱེད་ཀྱང་། །རང་གཞན་ཀུན་ལ་ཕན་དང་བདེ་བའི་མཆོག །

Every sinful action one commits
Leads oneself and others deeper into sin,
Every virtuous deed one performs
Becomes a supreme source of benefit and happiness for all.

སྔོན་ཚེ་འཁོར་ལོས་བསྒྱར་བའི་རྒྱལ་པོ་ཡི།།འབངས་རྣམས་བདེ་སྐྱིད་ལོངས་སྤྱོད་ལྷ་དང་མཉམ།།
ནད་མཚོན་མུ་གེའི་འཇིགས་པ་མིང་ཡང་མེད།།དེ་རྣམས་དགེ་བའི་མཐུ་ལས་བྱུང་བར་གསུང་། །

The happiness and wealth of the subjects
Of Universal Kings in the past equalled that of gods.
Disease, starvation, and conflicts were unknown,
All thanks to the power of virtue, as the Buddha said.

སྲོག་གཅོད་མ་བྱིན་ལེན་སོགས་སྡིག་པ་སྤོང་།།ཀུན་ལ་གུས་ཤིང་བྱམས་པའི་ཁྲིམས་བཅས་པས། །
ཡུལ་ཕྱོགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་པ།།མཐུན་པ་སྤུན་བཞིའི་རྣམ་ཐར་ཡིད་ལ་སོམས། །

Refraining from non-virtuous acts like killing and stealing,
And adopting respect and love for all,
Brings auspiciousness, happiness, and prosperity to the land.
Just remember the story of the Four Harmonious Friends.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

24/10/2024

🙏 𝐏𝐀𝐑𝐓 𝟏𝟔 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

དཔལ་ལྡན་འབྲུག་པའི་ཆབ་སྲིད་འཛིན་པ་ལ།།ཡང་དག་ཆོས་ཀྱི་དོན་རྟོགས་མི་དགོས་ཀྱང་། །
རང་རྒྱུད་ལོག་ལྟའི་དབང་དུ་མ་སོང་བར། །རྒྱུ་འབྲས་སྲུང་བའི་མི་ཞིག་ངེས་པར་དགོས། །

For the administrators and leaders of our glorious Bhutan, While it may not be essential to understand the ultimate Dharma, But one must absolutely uphold the law of karma, Without letting one’s mind be influenced by wrong views.

རྣམ་མང་ཡོན་ཏན་ཇི་ཙམ་མཁས་གྱུར་ཀྱང་། །ཚེ་འདི་ཙམ་ལས་ཕྱི་མའི་དོན་མི་སེམས།།
རྒྱུ་འབྲས་ཡིད་ཆེས་མེད་པའི་གང་ཟག་ལ། །བློ་གཏད་ཡིད་ཆེས་ནམ་ཡང་བྱ་མི་རུང་། །

Even if a person is knowledgeable in numerous fields, If they focus only on this life and ignore future lifetimes, And don’t believe in cause and effect, Such a person cannot be trusted.

སྡིག་པའི་གཉེན་པོ་དམ་པའི་ཆོས་ཡིན་ཀྱང་། །མར་ཀོག་མར་གྱིས་འདུལ་བར་མི་ནུས་བཞིན། །
ལོག་ལྟ་ཅན་ལ་ཆོས་ཀྱིས་ཕན་པ་མེད། །མི་དགེ་བཅུ་ཡི་ནང་ན་ལོག་ལྟ་ཐུ། །

Though divine Dharma is the antidote to non-virtue, Just as butter cannot escape the leather bag that holds it, Dharma is of no use to those with wrong views. Among the ten non-virtues, wrong view is the most heinous.

ད་དུང་མི་བདེན་བཤད་ཚོད་ཡིན་དགོངས་ན། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །
རྒྱ་བོད་མཁས་གྲུབ་ཚད་ཐུབ་ཀུན་དོར་ནས།།ལོག་ལྟ་ཅན་གྱི་བདེན་དཔང་སུ་ཞིག་ཡོད། །

If one believes this is not true, Who can challenge the Buddhas and Bodhisattvas of the ten directions, As well as the authentic scholar-saints of India and Tibet, To vouch for someone with wrong views?

ཚུལ་མིན་སྡིག་ཟས་ཤ་ཁྲག་ལོངས་སྤྱོད་ཀྱིས།།སྐྱེ་བོ་གང་དང་གང་ལ་ཁྱབ་གྱུར་པ། །
དེ་ནི་རིམ་བཞིན་ཚེ་འཐུང་ནད་མང་གི།རྒྱུ་ཡི་མཆོད་སྦྱིན་ཆེན་པོ་ཡིན་པར་སེམས། །

All those involved in the economic gains,
From immoral sinful food of meat and blood,
Are eventually creating the cause
Of Short life span and many illnesses.

👉To be continued....

His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏🙏
20/10/2024

🙏🙏🙏

🙏 𝐏𝐀𝐑𝐓 𝟏𝟓 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

ཡོད་ན་དཔལ་འབྱོར་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་དཔལ་འབྱོར་སྒྲུབ་ལ་ཐབས་ཆག་པ། །
དཔལ་འབྱོར་སྒྲུབ་པའི་ཐབས་ལམ་མ་ནོར་བ། །དུད་འགྲོའི་ཤ་ཚོང་ཁོ་ན་ཡིན་ལགས་སམ། །

Is the slaughter and sale of meat the only way to help the economy? Are we really left with no other option? Is this the only clear and ethical way to earn money, Through engaging in the slaughter and sale of meat?

ཤ་ལས་བྱུང་བའི་དཔལ་འབྱོར་ཉིད་ཡོད་ན།།ཆོས་ལྡན་ཞིང་གི་ཆེ་བ་ཉམས་པ་དང་། །
ནད་མུག་མཚོན་གྱིས་རྒྱལ་ཁམས་འཇིག་པ་སོགས།།གང་ཞིག་འབྱུང་ཡང་འགྱོད་པ་མེད་ལགས་སམ། །

We might earn money from slaughtering and selling meat, But it tarnishes the glory of the Land of Dharma. If disease, starvation, and conflict destroy the Kingdom, Would we have no regrets, I wonder!

ལ་ལ་འཚེ་བ་ཆོས་སུ་སྨྲ་བ་ཡོད། །ལ་ལ་དགེ་སྡིག་གང་ཡང་ཁས་མི་ལེན། །
ལ་ལ་འཚེ་མེད་ཞི་བའི་ལམ་ལུགས་འཛིན། །འབྲུག་ཡུལ་འདི་ཡི་ལྟ་བ་གང་ཞིག་ཡིན། །

Some view violence as a form of religion, While others cannot distinguish between sin and virtue. Some follow the tradition of non-violence. What is the true philosophy of the Kingdom of Bhutan?

རང་ཡུལ་རྫོང་གཞི་དགོན་གནས་དེ་དག་ཏུ། །གྲུབ་ཐོབ་ཀརྨ་གླིང་པའི་གཏེར་ཆོས་བཞིན། །
སྲིད་པ་བར་དོའི་སྣང་ཚུལ་གར་འཆམ་གྱིས། །འགྲོ་ཀུན་དགེ་ལ་བསྐལ་བ་མ་གཟིགས་སམ། །

Haven’t you witnessed the mask dances that depict the intermediate state of rebirth, And encourage beings to practice virtue? These are performed at monasteries in various districts, According to the Treasure Teachings of Siddha Karma Lingpa.

👉To be continued....

His Holiness the 70th Je Khenpo
Jangsa Animal Saving Trust

🙏💐🙏
19/10/2024

🙏💐🙏

🙏 𝐏𝐀𝐑𝐓 𝟏𝟒 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

གང་ཞིག་སྡིག་ལས་བྱུང་བའི་འཇིགས་པ་འདི། །ནད་མུག་མཚོན་གྱི་འཇིགས་པའི་དོ་ཟླ་མིན། །
ནད་མུག་མཚོན་གྱིས་ད་ལྟའི་ཚེ་སྲོག་འཇོམས། །སྡིག་པས་ཚེ་རབས་གཏན་གྱི་བདེ་སྐྱིད་འཇོམས། །

The consequences of engaging in non-virtuous acts, Cannot be compared to the threats of disease, starvation, and war.
While disease, starvation, and war destroy this life, Non-virtuous actions ruin happiness across lifetimes.

སྲོག་ཆ་ཕྲ་མོ་ཙམ་ལའང་བརྙས་མི་བྱ།།སངས་རྒྱས་བྱང་ཆུབ་སེམས་དཔའ་མང་པོ་དང་། །
དམྱལ་བའི་ལས་མཁན་ཐམས་ཅད་དེ་ཡི་དཔུང་།།ཡིན་ཞེས་བྱང་སེམས་སྤྱོད་འཇུག་གཞུང་ལས་གསུང་། །

Do not harm even the smallest living beings:“Numerous Buddhas, Bodhisattvas, and Messengers from the hell realm are their protectors,” So says the Bodhicharyavatara text.

གང་ཞིག་སྡིག་ལ་སྤྱོད་པའི་སྐྱེ་བོ་རྣམས།།ལས་ལས་གྲུབ་པའི་དམྱལ་སྲུང་གཏུམ་པོ་ཡིས། །
ཚེ་རབས་དུ་མར་ལོ་ནི་འབུམ་ཕྲག་ཏུ།།བཙོ་བསྲེག་བཅད་བཏུབ་སྡུག་བསྔལ་མྱོང་བར་འགྱུར། །

Beings who engage in non-virtuous actions, Will suffer the torment of being boiled, burned, and cut, By fierce hell guards born from their own karma, For countless lifetimes and hundreds of thousands of years.

བྱང་ཆུབ་སེམས་ལ་བཟང་ངན་མ་མཆིས་ཀྱང་། །དུག་ལྔའི་དབང་གིས་འགྲོ་ལ་འཚེ་བྱེད་པ། །
མ་རབས་རིགས་ངན་གདོལ་པའི་སྤྱོད་པར་འགྱུར།།དེ་ནི་རང་གིས་ཉོས་པའི་འབྲས་བུ་ཡིན། །

Bodhicitta (Enlightened nature)itself is neither good nor bad, But when one harms beings due to the five poisons, Those actions become those of despicable outcasts, It is the result of one’s own actions.

👉To be continued....

His Holiness the 70th Je Khenpo
Jangsa Animal Saving Trust

💐💐💐
18/10/2024

💐💐💐

🙏 𝐏𝐀𝐑𝐓 𝟏𝟑 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

ལྷ་ཡི་དབང་པོས་སྲས་སུ་དབང་བསྐུར་ནས།།བདེ་སྐྱིད་སྤེལ་ལ་མི་ཡི་རྒྱལ་པོར་མངགས། །
ཆོས་མིན་སྤྱོད་པས་ལྷ་རྣམས་འཁྲུག་པ་ན། །རྒྱལ་པོའི་རིགས་བརྒྱུད་དེ་ཡང་འཇོམས་པར་འགྱུར། །

Empowered as the Prince by the King of Gods, And entrusted as the King of humans to bring peace and happiness. But non-Dharmic actions disturb the gods, And risk breaking the royal lineage as well.

དཔལ་ལྡན་འབྲུག་པའི་གནམ་ལོ་ཤར་བའི་དུས། །མངའ་བདག་རྒྱལ་པོའི་འཕྲིན་ལས་རྒྱས་པའི་དུས། །
འཛམ་གླིང་ཞི་བདེའི་སྐུ་རིམ་སྒྲུབ་པའི་དུས།།སྐབས་འདིར་རྟེན་འབྲེལ་སྨོན་ལམ་གཟབ་དགོས་ཀྱང༌། །

As the new year of the glorious Drukpa dawns, And the King's actions flourish, With rituals performed for world peace, Auspicious aspirations must be deep and meaningful.

ཉེས་མེད་སེམས་ཅན་སྡུག་ལ་སྦྱར་བའི་ཐབས། །ཆོས་ལྡན་ཞིང་གི་དབུ་འཕང་སྨད་པའི་ཐབས།།
མི་རྣམས་ཆོས་མིན་ལས་ལ་བསྐུལ་བའི་ཐབས། །ངན་དགུའི་བྱ་བ་རྩོམ་པར་རུང་ལགས་སམ། །

Yet, causing suffering to innocent beings, Disgracing the glory of the Land of Dharma, And inciting others to engage in non-Dharmic actions, Is it appropriate to indulge in these wrongdoings?

དེ་ལྟར་ཚུལ་མིན་ཡུན་རིང་སྤྱོད་པ་ན། །ཆོས་སྐྱོང་སྲུང་མ་རི་རབ་ཕྱོགས་ལ་གཟིགས།།
དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་རིང་དུ་བྲོས། །ལྟས་ངན་སྣ་དགུས་རྒྱལ་ཁམས་འཕུང་བར་འགྱུར། །

When non-virtuous activities go on for a long time, The Dharma protectors look the other way, And the virtuous gods flee far away, All kinds of negative consequences could overwhelm the Kingdom.

དབུལ་ཞིང་འཕོངས་པའི་མུ་གེ་བྱུང་བ་ན། །དུད་འགྲོ་བསད་པའི་ཤ་ཡིས་འགྲངས་དུས་མེད། །
འཆི་བདག་གཤིན་རྗེས་དབང་མེད་འཁྲིད་ཙ་ན། །དུད་འགྲོ་བསད་པའི་རིན་གྱིས་བསླུ་བར་དཀའ། །

When struck by poverty and starvation, The meat of slaughtered animals won’t satiate. When the Lord of Death comes to take someone away, There’s no way to buy one’s escape with the price of meat.

👉To be continued....

His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏🙏
16/10/2024

🙏🙏🙏

🙏 𝐏𝐀𝐑𝐓 𝟏𝟐 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

མི་དང་དུད་འགྲོ་རིས་སུ་མ་བཅད་པར། །འགྲོ་དྲུག་སེམས་ཅན་བདེ་དང་ལྡན་འདོད་ལ། །
བྱམས་སོགས་ཚད་མེད་བཞི་ཡི་ལྟ་བ་བྱུང་། །གནོད་སེམས་ཅན་ལ་བྱམས་པ་འོང་ཐབས་མེད། །

Without differentiating between humans and animals,
By wishing happiness for all sentient beings in the six realms, The four immeasurable thoughts, beginning with loving kindness arise. But this cannot arise in those who harbor the intention to harm others.

དེ་ཉིད་མེད་ན་ཞི་བདེའི་རྩ་བ་ཆད།།ཐུབ་པ་རྡོ་རྗེ་གདན་དུ་སངས་རྒྱས་ཚེ། །
བདུད་ཀྱི་མཚོན་ཆ་མེ་ཏོག་ཆར་དུ་གྱུར།།དེ་ཡང་བྱམས་པ་བསྒོམས་པའི་འབྲས་བུ་ཡིན། །

Without loving-kindness, peace and happiness have no foundation. When the Buddha attained enlightenment at Bodhgaya, The demons' weapons transformed into flowers, This is the power of meditating on loving-kindness.

གངས་ལྗོངས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། །ལྗོངས་འདིར་སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱིས། །
ལྷ་ཆོས་དགེ་བ་བཅུ་ཡི་ཁྲིམས་ལུགས་དང་། །མི་ཆོས་གཙང་མ་བཅུ་དྲུག་སྲོལ་གཏོད་མཛད། །

Dharma King Songtsen Gampo of Tibet, And Kyabgon Ngawang Namgyal of this land (Bhutan), Established laws based on the ten virtues of the divine Dharma, And the sixteen pure Dharmas for laypeople.

འགྲོ་ལ་འཚེ་བས་མི་ཆོས་ཡང་དག་མེད།།མི་ཆོས་མེད་པར་ལྷ་ཆོས་ག་ལ་འོང་། །
ཆོས་དང་ཆོས་མིན་གཅིག་ཏུ་མི་གནས་པས།།འབྲུག་ཡུལ་ཆོས་ལྡན་ཞིང་དུ་ག་ལ་གྱུར། །

Human Dharma cannot be practiced by harming other beings. Without even practicing Human Dharma, how can one uphold Divine Dharma? Dharma and non-Dharma cannot coexist, So how can Bhutan truly be called a Land of Dharma?

(Human Dharma refers to correctly following the Karma or Laws of Action and consequences while Divine Dharma refers to pursuits of Enlightenment for the sake of all beings)

👉To be continued....

His Holiness the 70th Je Khenpo
Jangsa Animal Saving Trust

🙏💐🙏
15/10/2024

🙏💐🙏

🙏 𝐏𝐀𝐑𝐓 𝟗 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

ཤ་ནི་ཕྱིར་ཚོང་བྱེད་པའི་དུས་དག་ཏུ།།ཆོས་ལྡན་ཞིང་གི་ཤ་ཞེས་བསྟོད་ན་ལེགས། །
ཆོས་ལྡན་མི་ཡིས་སྤྱོད་ངན་འདི་འདྲ་ཞེས། །སྨོད་ན་འབྲུག་པའི་ཞབས་འདྲེན་མ་ལགས་སམ། །

When meat is being sold or exported, Should it be labelled as coming from the land of Dharma?
If people say such immoral actions are done by the people of a Dharma land, Wouldn't that be ironic and bring disgrace to Bhutan?

རང་ཉིད་ལོག་ལྟ་ཅན་དུ་གྱུར་ན་ཡང་། །གཞན་རྣམས་ཐམས་ཅད་ལོག་ལྟ་ཅན་མི་འགྱུར། །
རང་ཉིད་ལེགས་ཉེས་རྣམ་དབྱེ་མི་ཤེས་ཀྱང་། །དེ་དག་གིས་ཀྱང་ལེགས་ཉེས་ཇི་ལྟར་ཡིན།།
བློ་ལྡན་མཁས་པས་རྒྱལ་ཁམས་གང་ནས་ཡོད། །

Even if someone holds a wrong view, It doesn't mean everyone else will follow. Even if someone can't distinguish right from wrong, There are many who can, The intelligent and wise are plentiful in the world.

གང་ལ་གང་ཕན་གང་ལ་གང་གིས་གནོད། །ཆོས་དང་འཇིག་རྟེན་ལམ་ནས་དྲངས་གྱུར་པའི།།
གཏམ་གྱི་འཕྲིན་བཟང་ཞིག་ཀྱང་འོང་བར་ངེས། །

Good tidings, guided by both spiritual and worldly paths, Will surely come,
Revealing what benefits and what harms.

སྔར་ནི་དཔལ་ལྡན་འབྲུག་པའི་རྒྱལ་ཁམས་ན།།ཆོས་དང་ལམ་སྲོལ་ཡོད་ཅེས་ངོམ་ན་ཡང་། །
ད་ནི་དཔལ་འབྱོར་ཀུན་གྱི་རྩ་བ་རུ། །ཤ་ཡི་ཚོང་འབྲེལ་ཡོད་ཅེས་ངོམ་ལགས་སམ། །

We once took pride in Bhutan's Dharma and traditions, But now, can we truly boast, That the foundation of our economy, Is built on the business of meat?

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏💐🙏
14/10/2024

🙏💐🙏

🙏 𝐏𝐀𝐑𝐓 𝟖 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

མི་ཡི་ནང་ན་རིགས་ངན་གཤན་པ་ཟེར།།དེ་ཡང་གྲངས་ངེས་ཉུང་ཟད་ཙམ་ལས་མིན། །
འགྲོ་ལ་འཚེ་བའི་སྲོལ་རྒྱུན་འཛུགས་པ་འདི། །སྡིག་ཅན་གཤན་པ་འབུམ་གྱི་དོ་ཟླ་མིན། །

Among humans, butchers are deemed the lowest kind. Thus, their numbers are not too many. Yet the initiation of a culture that slaughters beings, Is far worse than the sins of a hundred thousand butchers!

རང་ཉིད་འཚོ་ཕྱིར་གཞན་སྲོག་གཅོད་པ་འདི།།རང་སྲོག་ལན་བརྒྱར་གཅོད་པའི་དོ་ཟླ་མིན། །
འགྲོ་ལ་འཚེ་བས་སྐྱབས་འགྲོའི་བསླབ་བྱ་དང་།།འགལ་ཞིང་དམ་པའི་ཆོས་ཀྱི་དམ་ཚིག་ཉམས། །

The sin of taking another being's life for your gain, Is far worse than ending your own life a hundred times.
It contradicts the teachings of seeking refuge in Buddha, Dharma, and Sangha, And undermines the sacred commitment to the spiritual path.

འགྲོ་དྲུག་དྲིན་ཅན་ཕ་མ་ཡིན་པས་ན། །ཕ་མ་བསད་ལས་སྡིག་པ་ཆེ་བ་མེད། །
མཐར་ཐུག་འགྲོ་ཀུན་ལྷ་དང་ལྷ་མོའི་སྐུ། །དེ་ཉིད་བསད་པས་དབང་གི་དམ་ཚིག་ཉམས། །

Since all beings in the six realms are like one's parents, There is no greater sin than killing them. Ultimately, all beings are forms of gods and goddesses, So killing them violates the sacred samaya of empowerment.

གང་ཞིག་དམ་ཚིག་ཉམས་པར་གྱུར་པ་དེ། །དམྱལ་བ་མ་གཏོགས་འགྲོ་ས་གཞན་ན་མེད། །
སྤྱིར་ནི་འཁོར་བའི་གནས་ན་བདེ་བ་མེད།།དམྱལ་བའི་སྡུག་བསྔལ་སུ་ཡིས་བཟོད། །

The one who violates the samaya has no place to go but the hell realm.
As it is there is no true happiness in samsara, Then who can endure the sufferings of hell?

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

💐💐💐
14/10/2024

💐💐💐

🙏 𝐏𝐀𝐑𝐓 𝟕 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

གང་ལའང་མཁས་ཤིང་དཔའ་བོ་ཉིད་གྱུར་ཀྱང་། །རང་སེམས་ཉོན་མོངས་དབང་དུ་ཤོར་བ་ན། །
གཞན་ལ་གཉའ་ཤོར་ཟིན་པའི་བྲན་གཡོག་བཞིན།།མཐར་ཐུག་འདོད་པ་ཞི་བའི་ལམ་མི་འགྲོ། །

No matter how learned or brave someone is, If their mind is influenced by negative emotions, They are like a slave who has given up their freedom. They cannot achieve the ultimate peace they seek.

ཚེ་སྔོན་གཞན་སྲོག་བཅད་པའི་ལས་དབང་གིས།།ད་ལྟ་རང་གིས་ཅི་ཡང་མ་ཉེས་ཀྱང་། །
སེམས་ཅན་ཡོངས་ལ་གནོད་པའི་དགྲ་ལས་ཐུ།།རྟག་ཏུ་རང་སྲོག་ཤོར་ཡང་སྐྱོབ་མཁན་མེད། །

Because of the karmic effects of killing, in past lives, Even if you are innocent now, You may feel like the greatest enemy of all beings, And there may be no one to save your life.

ལས་ནི་བསྐལ་པ་བརྒྱར་ཡང་ཆུད་མི་ཟ།།ད་ལྟ་གསད་བྱའི་སྡུག་བསྔལ་ཅི་འདྲ་བ། །
གསོད་མཁན་རང་གི་སྟེང་དུ་འོང་ངེས་ཀྱང༌།།ལོག་ལྟ་ཅན་ལ་ཕན་ཐབས་ཅི་བྱར་ཡོད། །

Karma is never lost, it endures through countless eons. The one who takes a life will face their own Karma, Mirroring the pain of the being they harm today. Yet there’s no way to guide those lost in wrong views.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏☀️
11/10/2024

🙏🙏☀️

🙏 𝐏𝐀𝐑𝐓 𝟔 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

བསོད་ནམས་དཔག་མེད་གཅིག་ཏུ་མཐུན་པ་ན། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཉི་མ་ཤར།
སྡིག་པའི་ལས་ངན་མཚོ་ཆེན་བརྡོལ་བ་ན། །ཤེས་རིག་ལོངས་སྤྱོད་ལྡན་ཡང་བཟློག་པར་དཀའ། །

When boundless merits come together, The sun of peace and happiness rises in the country.
But when the sea of sinful actions bursts open, No amount of knowledge or wealth can prevent it.

སྨན་ལྗོངས་འབྲུག་ཡུལ་ཐང་དཀར་རྒོད་པོ་འདྲ། །ཆོས་སྲིད་ཟུང་གི་གཤོག་པས་མཁའ་ལ་ལྡིང་། །
ད་ནི་ཆོས་ཀྱི་གཤོག་སྒྲོ་ཆག་ལ་ཁད། །ཐང་དཀར་གཡང་ལ་ལྷུང་བར་མ་གྱུར་ཅིག །

The medicinal land of Bhutan is like a vulture, Soaring high on the twin wings of the spiritual and the secular. Now the feathers of the spiritual wing are about to fall off. May the vulture not plunge into the abyss!

ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་ཉི་མ་འདྲ། །ཉེ་རིང་མེད་པའི་འོད་ཟེར་ཀུན་ལ་ཁྱབ། །
སྐྱེ་འགྲོའི་ལས་ངན་སྤྲིན་གྱིས་སྒྲིབ་པ་ན། །ཐུགས་རྗེའི་ཉི་མ་གསལ་ཡང་འོད་མི་འབྱིན། །

The kindness of the Dharma King is like the sun, Embracing everyone without bias.
But when it is hidden by the clouds of negative karma, The rays of the bright sun of compassion cannot shine through.

རྒྱལ་བློན་འབངས་འཁོར་ཉི་ཟླ་སྐར་གསུམ་འདྲ། །ཆོས་མིན་རླུང་གིས་གཏོར་བར་མི་ནུས་ཀྱང་། །
རང་རྒྱུད་ལོག་ལྟས་གང་བའི་སྐྱེ་བོ་ཡི། །ངན་སྤྱོད་རྡུལ་གྱིས་གོས་ན་མཛེས་མི་འགྱུར། །
ཚུལ་མིན་ལོག་ལྟས་དཀྲུགས་པའི་ངན་སྤྱོད་ནི། །རང་གཞན་མི་རིགས་ཡུལ་ཕྱོགས་མ་ངེས་པ། །
གང་དང་གང་ལ་གནས་པ་དེ་དང་དེའི།།སྙན་གྲགས་ཡོན་ཏན་ཉམས་པའི་རྐྱེན་དུ་འགྱུར། །

The king, ministers, and the public are like the sun, moon, and stars. Though the non-Dharmic wind cannot overpower them, If they are stained by the dust of misdeeds caused by immoral views, And if this affects self, others, race, or country, Wherever this negativity spreads, It leads to a decline in their reputation and qualities.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏🙏🙏
09/10/2024

🙏🙏🙏

🙏 𝐏𝐀𝐑𝐓 𝟓 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

གཞན་ལ་ཕན་ན་སྡིག་པ་དགེ་བར་འགྱུར། །ཕན་གནོད་འདྲེས་མས་དགེ་སྡིག་འདྲེས་མར་འོང་། །
གནོད་པ་བྱེད་ལས་དགེ་བ་འོང་ཐབས་མེད། །དགེ་སྡིག་གང་ཆེ་དེ་ལ་སྤང་བླང་མཛོད། །

A negative action that benefits others can turn into merit. A mix of benefits and harms leads to a mixture of virtue and sin.
Harmful actions can never be the source of virtue. Reject and accept by carefully judging the extent of virtue and sin.

ཤ་ཡི་རིན་འབབ་ཕན་པའི་གྲངས་སུ་མིན།།ཉོན་མོངས་དུག་གི་ས་བོན་ལས་བྱུང་བའི། །
འབྲས་བུ་ལོངས་སྤྱོད་དེ་ཡང་དུག་ཡིན་ཏེ། །ཟོས་ན་ཐར་པའི་སྲོག་རྩ་གཅོད་པར་འགྱུར། །

The price of meat cannot be considered a gain, The fruits that come from the seeds of harmful afflictions are also harmful. Consuming them cuts off the lifeline to liberation.

སེམས་ཅན་སྒོས་དང་སྤྱི་མཐུན་ལས་མི་འདྲ། །སྒོས་ཀྱི་ལས་འབྲས་རང་ཉིད་ཙམ་ལ་སྨིན། །
སྐྱེ་འགྲོ་སྤྱི་ཡི་ལས་ངན་དབང་བཙན་པས། །ནད་མུག་མཚོན་གྱི་འཇིགས་པས་རྒྱལ་ཁམས་འཇོམས། །

Individual karma and collective karma are different.
Individual karma affects only the individual,
While collective negative karma is powerful and affects us all
It could bring threats of disease, starvation, and conflict and tear a nation apart.

(Actions by government are considered collective Karma and affect the whole country as governments represent all the citizens)

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏😀🙏
08/10/2024

🙏😀🙏

🙏 𝐏𝐀𝐑𝐓 𝟒 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

ཤ་ཟོས་ཙམ་གྱིས་ངན་པར་མི་འགྱུར་ཏེ། །ལྟར་སྣང་འདྲ་ཡང་དོན་ལ་དབྱེ་བ་མང༌། །
འབྲོག་པའི་གཡག་དང་གྲོང་པའི་ཕག་ཤ་སོགས།།རང་ཕྱིར་བསད་མིན་གཞན་བརྒྱུད་རྙེད་པ་ལ། །
གཞི་བསམ་སྦྱོར་བ་མཐར་ཐུག་ཡན་ལག་ནི། །གང་རུང་མ་ཚང་དེ་ལ་ཉེས་པ་ཆུང་། །

Simply consuming meat is not inherently evil. Although it may seem the same, there is a real difference.
The nomad's yak and the villager's pig, Are not killed for oneself, but rather for the thoughts of others.
If any aspect of the basis, intent, action, or completion is missing, Then the wrongdoing is lesser!

རྣམ་ཤེས་ཡར་འདྲེན་ཤ་ལ་བྱིན་རླབས་མཛད།།རྟོགས་པ་མཆོག་ལྡན་སྐྱེས་བུའི་ཟ་ལུགས་ཡིན། །
སྨོན་ལམ་དག་པས་ཚེ་འདས་རྗེས་སུ་འཛིན། །སྙིང་རྗེ་ཅན་གྱི་སྐྱེས་བུའི་ཟ་ལུགས་ཡིན། །
ཡར་མཆོད་མར་སྦྱིན་སྤྲོ་ཟས་ཉིད་དུ་སེམས། །འཇིག་རྟེན་ཡོན་མཆོད་ཕལ་གྱི་ཟ་ལུགས་ཡིན། །

Consciousness is directed toward liberation, and the meat is blessed, This is how those with supreme realization consume meat. Taking care of the deceased with pure intentions, This is how beings with great compassion consume meat. However, as offerings to those above and alms to those below, thinking of it as a feast, This is how most people consume meat.

གང་ཡང་དྭོགས་མེད་ཡུལ་ཆོས་ཙམ་ལ་བརྟེན། །ཕྱོགས་མེད་འཇིག་རྟེན་མགྲོན་པོའི་ཟ་ལུགས་ཡིན། །
ངལ་ཞིང་དུབ་ལ་བཅུད་ལྡན་སྨན་ཤར་འཛིན། །ཞབས་ཏོག་ལས་མི་རྣམས་ཀྱི་ཟ་ལུགས་ཡིན། །

Without any thoughts, simply viewing it as a local tradition, This is how worldly guests consume meat.
Treating it as nutritious medicine for the tired and weary, This is how workers consume meat.

ཤ་ཁྲག་ཙམ་ལས་ལོངས་སྤྱོད་གཞན་མི་འབྱོར། །སྡིག་ཅན་གཤན་པ་རྣམས་ཀྱི་ཟ་ལུགས་ཡིན།
ལོངས་སྤྱོད་སྒྲིབ་ཕྱིར་སྲོག་གཅོད་སྲོལ་རྒྱུན་འཛུགས། །ཕན་གནོད་མི་ཤེས་བླུན་པོའི་ཟ་ལུགས་ཡིན། །

Having no wealth except for meat and blood, This is how the sinful butchers consume meat.
Introducing the practice of butchering due to a declining economy, Is how foolish people, who lack understanding of harm and benefit, consume it.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

🙏😀🙏
07/10/2024

🙏😀🙏

🙏 𝐏𝐀𝐑𝐓 𝟑 𝐨𝐟 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐀𝐝𝐯𝐢𝐜𝐞 𝐟𝐫𝐨𝐦 𝐇𝐢𝐬 𝐇𝐨𝐥𝐢𝐧𝐞𝐬𝐬 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨, 𝐭𝐡𝐞 𝐒𝐩𝐢𝐫𝐢𝐭𝐮𝐚𝐥 𝐇𝐞𝐚𝐝 𝐨𝐟 𝐭𝐡𝐞 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐨𝐧 𝐭𝐡𝐞 𝐤𝐚𝐫𝐦𝐢𝐜 𝐜𝐨𝐧𝐬𝐞𝐪𝐮𝐞𝐧𝐜𝐞𝐬 𝐟𝐨𝐫 𝐭𝐡𝐞 𝐕𝐚𝐣𝐫𝐚𝐲𝐚𝐧𝐚 𝐊𝐢𝐧𝐠𝐝𝐨𝐦 𝐨𝐟 𝐁𝐡𝐮𝐭𝐚𝐧, 𝐢𝐭𝐬 𝐜𝐢𝐭𝐢𝐳𝐞𝐧𝐬, 𝐚𝐧𝐝 𝐚𝐥𝐥 𝐃𝐡𝐚𝐫𝐦𝐚 𝐟𝐨𝐥𝐥𝐨𝐰𝐞𝐫𝐬, 𝐞𝐦𝐩𝐡𝐚𝐬𝐢𝐳𝐢𝐧𝐠 𝐭𝐡𝐞 𝐢𝐦𝐩𝐨𝐫𝐭𝐚𝐧𝐜𝐞 𝐨𝐟 𝐮𝐩𝐡𝐨𝐥𝐝𝐢𝐧𝐠 𝐭𝐡𝐞 𝐩𝐫𝐚𝐜𝐭𝐢𝐜𝐞 𝐨𝐟 𝐃𝐡𝐚𝐫𝐦𝐚 🙏

དེ་མིན་གསོད་མཁན་རྣམས་དང་ཁྱད་མེད་པར། །ཟ་མཁན་རྣམས་ཀྱང་སྡིག་པའི་འདམ་ལ་ཚུད། །
སྡིག་པ་ཆུ་བོའི་རྒྱུན་བཞིན་མ་ཆད་པར། །ཕྱི་རབས་བུ་བརྒྱུད་རྣམས་ལ་སྤེལ་བ་ན། །
ནམ་ཡང་ཐར་མེད་འཁོར་བའི་གཏིང་རྡོ་ཞིག །བྱེད་པར་ནུས་བསམ་རང་གིས་རང་ལ་དྲིས། །

Otherwise, one is no different from the butcher, And those who consume it are trapped in the cycle of sin.
This sin, like a flowing river, Will be passed down to future generations, to our children.
So ask yourself: do you really dare to engage in this act, Tying yourself to the endless cycle of samsara?

ཤ་ཡི་རོ་ལ་སྲེད་པས་ཁ་ཐལ་ན། །གཅན་གཟན་གཏུམ་པོ་རྣམས་དང་ཁྱད་མེད་འགྱུར། །
མཐར་ནི་མི་ཤ་ཟ་ཡང་ངོ་ཚ་མེད། །སྲིན་པོ་རྐང་བཀྲའི་ལོ་རྒྱུས་ཡིད་ལ་སོམས། །

If your desire for meat takes over, You become no different from predators. Eventually, you may feel no shame in eating human flesh. Remember the story of Rakshasa Kangta?

དགེ་སྡིག་ཡིད་ཆེས་མེད་ལ་ཞུ་ཕོད་མིན། །ཡིད་ཆེས་ཅན་ལ་གསལ་འདེབས་ཡིན་མོད་ཀྱང་། །
དུག་ལྔ་ཡེ་ཤེས་ལྔ་རུ་འཆར་ནུས་པའི། །དམ་པའི་སྐྱེས་བུར་ཚོད་འཛིན་མ་བྱེད་ཅིག།

I do not wish to say anything to those who don’t believe in virtue or sin. This is a reminder for those who believe, And not a judgment against those supreme beings, Who have the power to transform the five poisons into wisdom.

👉To be continued....
His Holiness the 70th Je Khenpo
Jangsa Animal Saving Trust

Address


Website

Alerts

Be the first to know and let us send you an email when Druk Shabten posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to Druk Shabten:

Videos

Shortcuts

  • Address
  • Alerts
  • Contact The Business
  • Videos
  • Claim ownership or report listing
  • Want your business to be the top-listed Media Company?

Share