Driwa

Driwa A podcast where people engage in critical inquiry of all sorts of topics - ranging from philosophy,

གཏམ་བཤད་འདི་ནི་བོད་ནང་གི་བོད་མི་ཤེས་ཡོན་པ་དང་རིག་གནས་ལ་དོ་སྣང་བྱེད་མཁན་རྣམས་ལ། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་ལ་རྩེ་ཇ...
18/01/2021

གཏམ་བཤད་འདི་ནི་བོད་ནང་གི་བོད་མི་ཤེས་ཡོན་པ་དང་རིག་གནས་ལ་དོ་སྣང་བྱེད་མཁན་རྣམས་ལ། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་ལ་རྩེ་ཇ་ཁང་དུ་ནུབ་ཕྱོགས་ཀྱི་ལོ་རྒྱུས་ལྟ་གྲུབ་རིག་པའི་ཁོངས་ནས་ལོ་རྒྱུས་བྱེ་བྲག་སྨྲ་བའི་(Microhistory)རྒྱབ་ལྗོངས་དང་ཞིབ་འཇུག་གི་རིག་པ། ཚབ་མཚོན་བརྩམས་ཆོས་རེ་གཉིས་བཅས་ངོ་སྤྲོད་གནང་བ་ཞིག་ཡིན། ལོ་རྒྱུས་ཀྱི་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་རྣམས་ལ་ཕན་ཐོགས་ཅུང་སྲིད་ཡོང་བའི་རེ་བ་ཆེ།
Sekhetsang Tashi Apa Lhamo Thabkhe Lo Delektsang Gedun Tso Yidam Tashi Geshe J Lodoe Dechen Sangpo Kunchok Dhargyal Dzongsar Jamyang Khyentse Snow Kunchok Lhamo Kyab Danshoo Tashi
https://www.youtube.com/watch?v=iYf4-2f0Nks

གཏམ་བཤད་འདི་ནི། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་ལ་རྩེ་ཇ་ཁང་དུ་ནུབ་ཕྱོགས་ཀྱི་ལོ་རྒྱུས་ལྟ་གྲུབ་རིག་པ.....

སྦྲགས་སྐད་དང་འབྲེལ་བའི་བཅར་འདྲི་ཧྲིལ་བོ་འདི་རུ་བཞག་ཡོད། བཅར་འདྲི་འདིའི་བརྗོད་སྙིང་ནི། སྦྲགས་སྐད་ཟེར་བའི་ཐ་སྙད་དེའི་ལོ་རྒ...
02/01/2021

སྦྲགས་སྐད་དང་འབྲེལ་བའི་བཅར་འདྲི་ཧྲིལ་བོ་འདི་རུ་བཞག་ཡོད། བཅར་འདྲི་འདིའི་བརྗོད་སྙིང་ནི། སྦྲགས་སྐད་ཟེར་བའི་ཐ་སྙད་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་གོ་དོན། ཡོང་རྐྱེན། ད་དུང་། སྦྲགས་སྐད་འགོག་པའི་ལས་འགུལ་དག་གི་དགེ་མཚན་དང་དཀའ་ངལ་སོགས་གླེང་ཡོད་པ་མ་ཟད། སྦྲགས་སྐད་དང་འབྲེལ་ནས་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་སྟངས་ཀྱང་གླེང་ཡོད། དོ་སྣང་ཅན་ཚོར་བརྙན་འདི་བརྒྱུད་བསྐུར་གནང་རོགས། An interview with the Tibetan scholar Pema Bhum, discussing with him the issue of the "mixing" of languages as understood in the contemporary Tibetan societies. Please share it widely with those who are interested in the Tibetan language.
https://www.youtube.com/watch?v=aNS9axs7RmQ

བཅར་འདྲི་འདིའི་བརྗོད་སྙིང་ནི། སྦྲགས་སྐད་ཟེར་བའི་ཐ་སྙད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་གོ་དོན། ཡོང་རྐྱེན། ད་...

25/12/2020

Wishing all our listeners Season’s Greetings and warm wishes for a safe and healthy Christmas! We are happy to share this teaser of our interview with scholar Pema Bhum about the issue of “mixed language” (སྦྲགས་སྐད / སྐད་ར་མ་ལུག). The full interview will be posted on New Year’s Day 2021. Stay tuned! དྲི་བ་ལེ་ཚན་གྱི་ངོས་ནས་ཡེ་ཤུའི་ལོ་གསར་ལ་དྲ་གྲོགས་ཚང་མར་འཚམས་འདྲི་ཞུ། དེ་རིང་ང་ཚོའི་ངོས་ནས་མཁས་བ་པད་མ་འབུམ་ལ་ "སྦྲགས་སྐད་" ཀྱི་སྐོར་ལ་བཅར་འདྲི་བྱས་བའི་ཚན་པ་ཐུང་ངུ་ཞིག་འདི་རུ་བཞག་ཡོད། བཅར་འདྲི་ཧྲིལ་བོ་སྤྱི་ལོ་གསར་ཚེས་ལ་དྲ་ཐོག་ལ་འཇོག་གི་ཡིན།

05/06/2020

Our next, and the fourth episode of Driwa will focus on the developments of our scientific understanding of space and time. From the Gallilean and Newtonian notions of fixed and absolute space and time, to Einsteins conception of a spacetime continuum that is dynamic and dependent on its occupying objects, we have come a long way in our understanding of these two phenomena that permeate us all. We will touch upon how this idea of spacetime led to Einstein’s revolutionary theory of gravity. We will discuss what leads to the formation of these highly dense objects called blackholes, and how colliding blackholes can create ripples in our very fabric of spacetime and how we famously observe them as gravitational waves. We will also tinker with the idea of time travel and what that means for our notions of causality. We will cover these and other fascinating questions in our next episode of Driwa, to be released in the near future.

དྲི་བའི་ལེ་ཚན་རྗེས་མའི་ཁོངས་སུ་ང་ཚོས་ཚན་རིག་གིས་གླེང་བཞིན་པའི་ནམ་མཁའ་ (space) དང་དུས་ (time) ཀྱི་སྐོར་བརྗོད་བྱར་འཛིན་གི་ཡིན། དེ་ཡང་ Galileo དང་ Newton གཉིས་ཀྱིས་ནམ་མཁའ་དང་དུས་གཉིས་རྟག་བརྟན་རེད་སྙམ་པའི་བསམ་ཚུལ་ནས་ Einstein གྱིས་ནམ་མཁའ་དང་དུས་ཀྱི་ཕན་ཚུན་རྒྱུན་མཐུད་ཀྱི་འབྲེལ་བ་དང་ནུས་འགྱུར་གྱི་ཆ། ད་དུང་རྟེན་འབྲེལ་གྱི་ཆ་བཅས་ལ་བསམ་བློ་གཏོང་སྟངས་སོགས་ཀྱིས་ང་ཚོའི་ཡིད་སེམས་གཡོ་བར་བྱས་ཡོད། ང་ཚོས་ཇི་ལྟར་དུས་དང་ནམ་མཁའི་་སྐོར་གྱི་ལྟ་ཚུལ་བརྒྱུད་ Einstein ལ་འཐེན་ཤུགས་ཀྱི་སྐོར་ལ་འཛིན་པའི་གསར་བརྗེའི་བསམ་བློ་དེ་འཁོར་ཚུལ། ད་དུང་། བུ་ག་ནག་པོའི་ (Black Hole) གྲུབ་ཆའི་སྐོར་དང་བུ་ག་ནག་པོ་ཕན་ཚུན་གདོང་ཐུག་ལས་བྱུང་བའི་དུས་དང་ནམ་མཁའི་རླབས་ཕྲན། དེ་དང་འབྲེལ་བའི་འཐེན་ཤུགས་ཀྱི་རླབས་རྒྱུན། དུས་ཀྱི་འགྲུལ་བཞུད་སོགས་ཀྱི་སྐོར་གླེང་གི་ཡིན།

Thank you Tsering Kyi, for supporting Driwa as always and introducing it on Cyber Tibet for the greater audience!  བོད་ཀ...
30/05/2020

Thank you Tsering Kyi, for supporting Driwa as always and introducing it on Cyber Tibet for the greater audience! བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས་ནས་དྲི་བའི་གླེང་མོལ་ལེ་ཚན་དེ་དྲ་སྣང་གི་བོད་དུ་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ།
https://www.youtube.com/watch?v=1X2fCIkqVrI

A great interview with Edward Said about his book: Orientalism—one of the most influential books ever published in the f...
24/05/2020

A great interview with Edward Said about his book: Orientalism—one of the most influential books ever published in the field of postcolonial studies. Many of you might have read it thoroughly, not just the book’s introduction. Nonetheless, we simply hope that this interview will give you a glimpse of his works. We plan to discuss his books in the future!

https://www.youtube.com/watch?v=fVC8EYd_Z_g

Edward Said's book ORIENTALISM has been profoundly influential in a diverse range of disciplines since its publication in 1978. In this engaging (and lavishl...

སྐད་བརྡ་སྨྲ་བ་གྲགས་ཅན་་་Noam Chomsky ལགས་སུ་སྐད་བརྡ་རིག་པ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པ་ཞིག བཅར་འདྲི་འདི་བརྒྱུད་ནས་...
17/05/2020

སྐད་བརྡ་སྨྲ་བ་གྲགས་ཅན་་་Noam Chomsky ལགས་སུ་སྐད་བརྡ་རིག་པ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པ་ཞིག བཅར་འདྲི་འདི་བརྒྱུད་ནས་ཁོང་གིས་སྐད་ཡིག་ལ་འཛིན་པའི་ལྟ་ཚུལ་དང་ཞིབ་འཇུག དོགས་སློང་བཅས་རགས་ཙམ་ངོ་འཕྲོད་ཡོང་།

https://www.youtube.com/watch?v=hdUbIlwHRkY

Linguist Noam Chomsky, professor at MIT, discusses the ways in which language changes over time and how the idea of a national language is a modern phenomeno...

01/05/2020

Hello listeners! We bring to you the third episode of Driwa. In this, we explore what a human language is, what it means to say that a child learns a language, whether this language learning ability is a uniquely human trait, and whether our ability to learn and speak languages could tell us anything about human nature in general, if such a thing can be posited in the first place. We welcome critical discussions on these and many other questions. Please, share it widely with your friends!
དྲི་བའི་ལེ་ཚན་ལ་ཉན་མཁན་རྣམ་པ། ང་ཚོས་དྲི་བའི་ལེ་ཚན་གསུམ་པ་དེ་སྤེལ་ཡོད། ཐེངས་འདིར། ང་ཚོས་འགྲོ་བ་མིའི་སྐད་ཡིག་གི་སྐོར་ལ་གླེང་མོལ་བྱས་ཡོད། དེ་ཡང་། བྱིས་པ་ཞིག་གིས་སྐད་ཡིག་སྦྱངས་པ་རེད་ཟེར་ན་དེའི་གོ་དོན་ཅི་ཡིན་ནམ། སྐད་ཡིག་ནི་འགྲོ་བ་མི་ལ་ཡོད་པའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་རེད་དམ། ཡང་ན། ང་ཚོའི་སྐད་ཡིག་སྦྱངས་སྟོབས་དང་ང་ཚོའི་སྨྲ་བརྗོད་ཀྱི་ནུས་བ་སོགས་ང་ཚོ་འགྲོ་བ་མིའི་རང་བཞིན་དང་འབྲེལ་བ་ཅི་ཞིག་ཡོད་དམ། སྐད་ཡིག་ནི་འགྲོ་བ་མིའི་རྒྱུད་ན་ཐོག་མ་ཉིད་ནས་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་པ་ཞིག་ཡིན་ནམ། དོགས་སློང་དང་བགྲོ་གླེང་གནང་རོགས།

26/04/2020

We are grateful to The Tibet Times by conducting this short interview with us about Driwa! Our thanks to the editor Pema Tso and reporter སངས་ རྒྱས་ དཀོན་མཆོག. བོད་ཀྱི་དུས་བབ་ཀྱིས་དྲི་བ་ལེ་ཚན་གྱི་སྐོར་ལ་བཅར་འདྲི་འདི་བཀོད་སྒྲིག་གནང་བར་བཀའ་དྲིན་ཆེ། ལྷག་པར་དུ། རྩོམ་སྒྲིག་པ་པད་མ་འཚོ་དང་གསར་འགོད་པ་སངས་རྒྱས་དཀོན་མཆོག་གཉིས་ཀར་ཁ་དྲོ།

18/04/2020

Introducing Driwa Shorts! Often when trying to cover as broad a topic as “truth” in our last episode, we feel that it is quite difficult to delve too deeply into some of the interesting and important aspects of the topic. Some of these topics might be of special interests to our listeners or to ourselves. To indulge a little further in our process of raising questions and doubts, we present Driwa Shorts. These are series of short, 10-15 minutes long, videos that will focus a little more on certain topics either mentioned or touched upon in our episodes or in the discussions. We hope these help the conversations and the questions continue. For the first Driwa Short, we discuss the weirdness and the non-intuitive thinking inherent in Quantum Physics. Hope you enjoy listening and engaging!

“དྲི་བའི་བརྙན་ཐུང་” ཟེར་བ་ལ་གཟིགས་རོགས། དྲི་བའི་ “བདེན་པའི་ལེ་ཚན་” གྱི་ཁོངས་སུ་ང་ཚོས་བརྗོད་བྱ་བྱེ་བྲག་པའི་ནང་གསེས་ལ་གཏིང་ཟབ་ཀྱིས་བགྲོ་གླེང་བྱེད་རྒྱུ་ཁག་པོ་ཡིན་པ་ཚོར་ལ། ལྷག་པར་དུ། དྲི་བ་ལེ་ཚན་ལ་དོ་སྣང་བྱེད་མཁན་རྣམས་ཀྱི་དྲི་བ་དང་མཆན། བསམ་ཚུལ་བཅས་ལ་བལྟ་དུས། བརྗོད་བྱ་ཁ་ཤས་བྱེ་བྲག་གི་སྒོ་ནས་གླེང་ན་ཡང་དགེ་མཚན་ཡོད་པར་མཐོང། དེར་བརྟེན། ང་ཚོས་དྲི་བའི་བརྙན་ཐུང་ཟེར་བ་འདི་སྐབས་སྐབས་སུ་བརྗོད་བྱའི་དགོས་མཁོར་དམིགས་ནས་བཟོ་གི་ཡིན་ལ་དེ་ཡི་རིང་ཐུང་ཡང་སྐར་མ་བཅུ་ནས་བཅོ་ལྔ་ཙམ་ཡིན། དེ་རིང་གི་དྲི་བའི་བརྙན་ཐུང་འདིའི་ཁོངས་སུ་བསྟན་འཛིན་རབ་དགའ་ལགས་ཀྱིས་དངོས་ཁམས་ཚན་རིག་གི་ལྟ་བའི་མདོ་ལྟ་བུ་སྟེ། ཁོན་ཌོམ་གྱི་རིག་པ་ (Quantum) བྱེ་བྲག་སྒོས་གླེང་ཡོད། འདི་ལ་དོ་སྣང་དང་དོགས་སློང་། བགྲོ་གླེང་བཅས་ཡོང་བར་སྨོན།

12/04/2020
10/04/2020

Hello everyone, our second episode of Driwa is out. We kindly assume that some of you have been wondering about and waiting for this after listening to the introductory episode. In this episode, we largely discuss the notions or aspects of truth as understood, debated, and questioned in various disciplines such as science, history, and Buddhism. We hope our listeners will find our conversation stimulating, encouraging, critical, and, at the same time, pointing towards raising more questions. Here are some questions we thought would be helpful to get us started with critical discussions:

1) What do you understand by the word “Truth”?
2) How does truth relate to knowledge? Is it something absolute or relative?
3) Why do various disciplines approach truth differently?
4) How do you understand truth in your culture, religion, history, politics and such?
5) What role does the language you use play in how you understand what is truth?
6) Is every kind of truth equally accessible from every language?
7) Why is truth so important to us, if at all?

དྲ་གྲོགས་རྣམ་པ། ང་ཚོའི་དྲི་བའི་ལེ་ཚན་གཉིས་པ་དྲ་ངོས་སུ་བཞག་ཡོད། ལེ་ཚན་དང་པོ་དེར་ཉན་པའི་རྗེས་སུ། དྲ་གྲོགས་མང་པོ་ཞིག་གིས་ང་ཚོའི་ལེ་ཚན་གཉིས་པ་འདི་ལ་རེ་སྒུག་བྱེད་བཞིན་པ་ང་ཚོས་ཚོད་དཔག་ཐུབ། ལེ་ཚན་གཉིས་པ་འདིའི་ཁོངས་སུ། ང་ཚོས་ཚན་རིག་དང་ལོ་རྒྱུས། ནང་ཆོས་བཅས་ཀྱིས་ཁོངས་སུ་བདེན་པར་བལྟ་སྟངས་དང་གོ་བ་ལེན་སྟངས། དོགས་སློང་བྱེད་སྟངས་བཅས་ཀྱི་སྐོར་གླེང་ཡོད། ང་ཚོའི་རེ་བར། ངེད་གཉིས་ཀྱི་གླེང་མོལ་དེས་ཉན་མཁན་རྣམས་ཀྱི་སེམས་ལ་ངར་སློང་བ་དང་བློ་རྒྱ་བསྐྱེད་པ། དོགས་སློང་བྱེད་པ་ཐུབ་པར་མ་ཟད་ང་ཚོ་ཚང་མ་དྲི་བའི་ཕྱོགས་སུ་འཁྲིད་ཐུབ་པར་རེ་བ་བྱེད་བཞིན་ཡོད། གཤམ་དུ་ང་ཚོས་བགྲོ་གླེང་དང་དོགས་སློང་གི་ཆེད་དུ་དྲི་བ་འགའ་བཞག་ཡོད། ཚང་མ་མཉམ་ཞུགས་གནང་རོགས་ཞུ། ཁ་དྲོ།

དང་པོ། བདེན་པ་ཟེར་བའི་ཐ་སྙད་འདི་ལ་ཁྱོད་ཀྱིས་གོ་བ་ཇི་ལྟར་ལེན་གྱི་ཡོད་དམ།

གཉིས་པ། བདེན་པ་ཟེར་བ་འདི་ཤེས་བྱ་དང་འབྲེལ་བ་ཅི་ལྟར་ཡོད་དམ། བདེན་པ་ཟེར་བ་འདི་རང་རྐྱ་འཕེར་བ་ཞིག་རེད་དམ་ཡང་ན་གཞན་རྟེན་ཞིག་རེད།

གསུམ་པ། རིག་གནས་ཀྱི་སྡེ་ཚན་མི་འདྲ་བའི་ཁོངས་སུ་བདེན་པ་ལ་བལྟ་སྟངས་མི་འདྲ་བ་ཡོང་དོན་ཅི།

བཞི་པ། ཁྱོད་ཀྱིས་སོ་སོའི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས། ཆབ་སྲིད་བཅས་ཀྱི་ཁོངས་སུ་བདེན་པར་ངོས་འཛིན་ཇི་ལྟར་བྱེད་ཀྱི་
ཡོད་དམ།

ལྔ་པ། ཁྱོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་སྐད་ཡིག་དེས་ཁྱོད་ཀྱིས་བདེན་པར་གོ་རྟོགས་རྙེད་སྟངས་ཐད་ཁྱད་པར་ཅི་ཞིག་བཟོའམ།

དྲུག་པ། སྐད་ཡིག་ཚང་མ་འདྲ་མཉམ་སྒོས་བདེན་པར་འཇུག་ཐུབ་བམ།

བདུན་པ། བདེན་པ་ཟེར་བ་འདི་ང་ཚོར་གལ་ཆེ་དོན་ཅི་ཡིན་ནམ།

05/04/2020

This is the first episode of our podcast 'Driwa དྲི་བ།', introducing our intentions for starting it. Our goal is to create an environment conducive to the asking of questions and raising of doubts amongst Tibetan audience on various subjects. Please, share it widely with your friends! ཚང་མར་བཀྲ་ཤིས་བདེ་ལེགས། འདི་ནི་ངེད་གཉིས་ཀྱི་་ "དྲི་བའི་ལེ་ཚན་དང་པོ་" དེ་ཡིན། འདི་རུ་ང་ཚོས་ "དྲི་བ་" ཞེས་པའི་ལེ་ཚན་འདི་བཟོ་དགོས་བའི་་དམིགས་ཡུལ་དང་དེའི་རྒྱབ་ལྗོངས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ཡོད། དྲི་བའི་ལེ་ཚན་དངོས་གཞི་དེ་མི་འགྱངས་བར་དྲ་ཐོག་ལ་འཇོག་གི་ཡིན། ཚང་མས་ངེད་གཉིས་ཀྱི་ལེ་ཚན་འདི་ལ་མཉམ་ཞུགས་དང་རྒྱབ་སྐྱོར་གནང་རོགས། གཞན་ལ་ངོ་སྤྲོད་ཀྱང་གནང་རོགས། ང་ཚོས་ལྷན་དུ་དོགས་སློང་དང་དྲི་བ་གནད་ལ་འཛིན་པའི་རིག་གཞུང་གི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར་རེ་བ་ཆེ། བཀའ་དྲིན་ཆེ། བསྟན་འཛིན་རབ་དགའ་དང་རིག་འབྱུང་ཟུང་གིས།

Address


Alerts

Be the first to know and let us send you an email when Driwa posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Videos

Shortcuts

  • Address
  • Alerts
  • Videos
  • Claim ownership or report listing
  • Want your business to be the top-listed Media Company?

Share

About Us

As avid readers of history, philosophy, science and political theory, among other things, we feel that we learn the best when we talk to others, discuss and engage our ideas more intensively. In our many get-togethers, we found our conversations drift from one book to another, one philosophical idea to another, and soon realized that since we enjoy talking about these things so much, we might as well record them and see what others feel about them.

Driwa “དྲི་བ་” means question in Tibetan. In our search for a name for the podcast, we decided that this was the most appropriate name we could come up with. Central to our intentions is the emphasis we want to place on questioning, without regards to whether answers to these questions exist or not. We believe that it is the incessant questioning of ideas that leads not only to a better understanding of things but also opens up avenues for new ways of thinking. Also integral to our intentions for the podcast is to arouse a sense of doubt in the listeners. We believe that the sense of certainty of knowledge is its biggest hindrance. Doubt forces one to ask questions, and questions lead to engagement with knowledge. So with the dual edifices of questions and doubts we want to build a little community where we can engage in free, open engagement with topics and ideas of all kind.

We hope the listeners will take something from the podcast, and use it as a platform for engaging their inquisitive minds as well as the others just like them. We do not purport to be experts of any kind. Nothing we say is of particular authority on the subjects we speak on. We are simply two people interested in learning more about things and engaging others as we do so. Therefore, input from the listeners is pivotal in shaping the direction that this podcast takes. Please leave comments on the content, on the structure and any other aspect of this podcast that might help us improve it for everyone. Hope you enjoy listening and learning with us!

Tashi Delek from Rabga and Rekjong