ཤམ་བྷ་ལའི་ཕོ་ཉ།

  • Home
  • ཤམ་བྷ་ལའི་ཕོ་ཉ།

ཤམ་བྷ་ལའི་ཕོ་ཉ། C/o Himalayan Literacy Trust,
Ward 5, Room # 2, 2nd floor,
Near Gamru Village School Gamru Village
P.O. Kangra
H.P
176219
India

Kotwali Bazaar, Dharamshala, Kangra
Himachal Pradesh
176219 C/o Himalayan Literacy Trust,
Room No. 1, Top Floor,
New Varuni House,
Dalai Lama Temple Road,
Mcleod Ganj, Dharamshala, Distt.

29/12/2025

ཁ་སང་སྟེ་གཟའ་ཉི་མའི་དགུང་མོར། ཀང་ར་རྫོང་གིས་བཀོད་སྒྲིག་གནང་བཞིན་པ་ལྟར། དྷ་རམ་ས་ལར་འཚོགས་བཞིན་པའི་དགུན་ཁའི་དུས་སྟོན་ཐོག འཕུར་འཁོར་(Drone) གྱི་ལམ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞི་བདེ་དང་། བྱམས་བརྩེ། འཚེ་མེད་ཞི་བ་བཅས་ཀྱི་མཚོན་རྟགས་སུ་འགྲེལ་བརྗོད་ཀྱིས་ཁོང་གི་སྐུ་པར་མཁའ་དབྱིངས་སུ་བསྟན་ཞིང་། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བློན་ཆེན་ཀི་རཱན་རི་ཇི་ཇུ་Kiren Rijiju་ལགས་ལ་མཇལ་ཁ་མཛད་འདུག ཕྱི་ལོ...
28/12/2025

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བློན་ཆེན་ཀི་རཱན་རི་ཇི་ཇུ་Kiren Rijiju་ལགས་ལ་མཇལ་ཁ་མཛད་འདུག

ཕྱི་ལོ་༢༠༢༥ ཟླ་ ༡༢ ཚེས་ ༢༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཀི་རཱན་རི་ཇི་ཇུ་ Kiren Rijiju སོགས་ལ་མཇལ་ཁ་མཛད་ཡོད་འདུག

Photo courtesy: Kiren Rijiju

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཐེངས་༢༢ པ་འགོ་འཛུགས་དང་གཞོན་སྐྱེས་གྲངས་༤༧་མཉམ་ཞུགས་གནང་འདུགཕྱི་ལོ་༢༠༢༥ ...
26/12/2025

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཐེངས་༢༢ པ་འགོ་འཛུགས་དང་གཞོན་སྐྱེས་གྲངས་༤༧་མཉམ་ཞུགས་གནང་འདུག

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༦། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་སྦྱོང་བརྡར་ཐེངས་༢༢ པ་དེ་རྒྱ་གར་མངའ་སྡེ་ཝེ་སུ་སྦན་གྷལ་གྱི་གྲོང་འཁྱེར་ས་ལུ་གྷ་རའི་ཆོལ་གསུམ་ཚོགས་ཁང་དུ་འགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བསྟན་འཛིན་རྡོ་རྗེ་བྷུ་ཊི་ཡ་མཆོག་དང་། བོད་མི་མང་ལས་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་འཇམ་དབྱངས་རྡོ་རྗེ་མཆོག སྐུ་ངོ་འཇིགས་མེད་ཞོལ་པ་མཆོག དེ་གཞིན་བྱང་ཤར་ས་གནས་ཚོགས་གཙོ་བསྟན་འཛིན་ཚེ་དཔལ་གཙོས་ས་གནས་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ་བཅས་ཕེབས་ནས་དངོས་སུ་འགོ་ཁྲིད་སྦྱོང་བརྡར་དེ་དབུ་འབྱེད་གནང་ཡོད་འདུག ཐེངས་༢༢་པའི་འགོ་ཁྲིད་སྦྱོང་བརྡར་ལ་རྒྱ་གར་ས་གནས་འདྲ་མིན་གྱི་གཞོན་སྐྱེས་ཕོ་མོ་གྲངས་༤༧་མཉམ་ཞུགས་གནང་ཡོད་འདུག

Tibetan Youth Congress's 22ndYouth Leadership Training commenced in Salugara, West Bengal, with 47 Tibetan youths participating

The Tibetan Youth Congress (TYC) commenced its 22nd Tibetan Youth Leadership Training at Chol-kha-sum Hall, Salugara, West Bengal, India, on December 26, 2025. The training programme opened in presence of the Chief Guests, Shri Tenzin Dorjee Bhutia and Geshe Monlam Tharchen, Member of Tibetan Parliament-in-Exile, Special Guests, former Tibetan Youth Congress members Jamyang Dorjee la and Jigmey la.

The open ceremony also attend by Tashi Dhargyal, Vice President of TYC, Tenzin Lobsang, General Secretary of TYC, Tenzing Tsephel, President of Northeastern Regional Tibetan Youth Congress, along with other RTYC members from the northeastern regions.

A total of 47 students from across India participated in this training programme. The training programme is focused on developing leadership skills, unity and a spirit of active participation among Tibetan youth.

Photo: TYC

སྤྱི་ནོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དཔལ་ལྡན་འབྲས་སྤུངས་དགོན་པའི་ཁྲི་པར་བཞུགས་གནང་མཛད།ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༤ ཉིན། རྒ...
24/12/2025

སྤྱི་ནོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དཔལ་ལྡན་འབྲས་སྤུངས་དགོན་པའི་ཁྲི་པར་བཞུགས་གནང་མཛད།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༤ ཉིན། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དགོན་པའི་བླ་སྤྱི་ཚོགས་ཆེན་འདུ་ཁང་དུ། དཔལ་ལྡན་འབྲས་སྤུངས་དགོན་པའི་ལྷ་མི་ཡོངས་ནས་སྤྱི་ནོར་༸གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་དཔལ་ལྡན་འབྲས་སྤུངས་དགོན་པའི་ཁྲི་པར་བཞུགས་གནང་མཛད་པའི་མཛད་སྒོའང་ཚོགས་གནང་སོང་།

གནས་ཚུལ་རྒྱས་པར་གཤམ་གསལ་དྲ་ཐག་ནས་གཟིགས། http://www.shambalanews.com/%E0%BD%82%E0%BD%A6%E0%BD%A2%E0%BC%8B%E0%BD%A0%E0%BD%82%E0%BE%B1%E0%BD%B4%E0%BD%A2%E0%BC%8D/%E0%BD%96%E0%BD%99%E0%BD%93%E0%BC%8B%E0%BD%96%E0%BE%B1%E0%BD%BC%E0%BD%A3%E0%BC%8D/%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%93%E0%BD%BC%E0%BD%A2%E0%BC%8B%E0%BC%B8%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BC%B8%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%96%E0%BC%8B%E0%BD%A2%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%86%E0%BD%BA%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%91%E0%BD%94%E0%BD%A3%E0%BC%8B%E0%BD%A3%E0%BE%A1%E0%BD%93%E0%BC%8B%E0%BD%A0%E0%BD%96%E0%BE%B2%E0%BD%A6%E0%BC%8B%E0%BD%A6%E0%BE%A4%E0%BD%B4%E0%BD%84%E0%BD%A6%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%81%E0%BE%B2%E0%BD%B2%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%82%E0%BD%93%E0%BD%84%E0%BC%8B%E0%BD%98%E0%BD%9B%E0%BD%91%E0%BC%8D

སྐུ་པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་བླངས།

དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་...
23/12/2025

དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་།

སྐབས་དེར། ཁོང་རྣམ་པས་རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་༥༦,༧༤༩དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་བྱེད་མཁན་འོས་འཕེན་གྲངས་༩༡,༠༤༢ བྱུང་ཡོད་པར་གསལ་བསྒྲགས་གནང་སོང་། དེའི་རྗེས་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་(ལུག་རྫི)་གྱིས་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༩ ཉིན་སྲིད་སྐྱོང་འོས་མི་ལང་རྒྱུའི་གསལ་བསྒྲགས་སྤེལ་སྐབས་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བཏང་རྐྱེན་འོས་བསྡུའི་སྒྲིག་གཞི་འགལ་ཡོད་པས་གདམ་བྱ་དང་འདེམས་བྱེད་པའི་ཐོབ་ཐང་མེད་པའི་ཉེས་ཆད་བཅད་པའི་གསལ་བསྒྲགས་སྤེལ་སོང་།

དེ་བཞིན་འོས་བསྡུ་སྐབས་མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་༨་གསལ་བསྒྲགས་གནང་སོང་། དེ་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་དབུ་ཁྲིད་འོག བཙན་བྱོལ་དམངས་གཙོ་བྱུང་རིམ་སྐོར་གྱི་གློག་བརྙན་ཞིག་བསྟན་གནང་སོང་།

The Central Election Commission of the Central Tibetan Administration held a press conference on December 23, 2025, and announced that for the 2026 elections of the Sikyong and the Tibetan Parliament-in-exile, 56,749 Tibetans from India, Nepal, and Bhutan had registered, along with 34,293 Tibetans abroad, for a total of 91,042 registered Tibetans worldwide. The primary election will be held on February 1, 2026 and the final elections on April 26, 2026, worldwide.

The Election Commission also announced that Sikyong Candidate Sonam Topgyal had been disqualified from the 2026 Sikyong election and stripped of his voting rights for five years for violating the Election Commission's code of conduct.

A total of 83,080 voters were registered in 2020–2021 for the Sikyong and Tibetan Parliament-in-Exile elections, and 6,3000 of them cast their votes.

20/12/2025

བོད་ཀྱི་ཚོགས་པ་ལྔ་ཡིས་ཁམས་རྫ་ཆུ་ཁར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང་བོད་མི་འཛིན་བཟུང་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།

ཕྱི་ལོ་༢༠༢༥ ཟླ་༡༢་ཚེས་༡༩ ཉིན། ཉེ་ཆར་རྒྱ་གཞུང་གིས་བོད་ཁམས་རྫ་ཆུ་ཁར་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་གཏོར་བཤིག་བཏང་བ་མ་ཟད། བོད་མི་༨༠་ལྷག་བཙན་ཁྲིད་བྱས་ནས་བཀག་ཉར་དང་རྡུང་རྡེག་བཏང་ནས་རྩིབ་མ་བཅག་པ་སོགས་ཀྱིས་ཛ་དྲག་གི་གནས་སྟངས་གྱུར་ཡོད་པར། བཞུགས་སྒར་དྷ་སའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དང་། མཚན་རྟགས་བསྡུ་རུབ། མར་མེ་ཁྲོམ་སྐོར་གནང་ནས་བོད་ནང་དྲག་གནོན་འོག་གནས་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། འཛིན་བཟུང་བྱས་ཡོད་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་སོང་།

གནས་ཚུལ་རྒྱས་པར་དྲ་ཐག་འདི་ནས་གཟིགས། http://www.shambalanews.com/%E0%BD%82%E0%BD%A6%E0%BD%A2%E0%BC%8B%E0%BD%A0%E0%BD%82%E0%BE%B1%E0%BD%B4%E0%BD%A2%E0%BC%8D/%E0%BD%96%E0%BD%99%E0%BD%93%E0%BC%8B%E0%BD%96%E0%BE%B1%E0%BD%BC%E0%BD%A3%E0%BC%8D/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BE%94%E0%BC%8B%E0%BD%A1%E0%BD%B2%E0%BD%A6%E0%BC%8B%E0%BD%81%E0%BD%98%E0%BD%A6%E0%BC%8B%E0%BD%A2%E0%BE%AB%E0%BC%8B%E0%BD%86%E0%BD%B4%E0%BC%8B%E0%BD%81%E0%BD%A2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%82%E0%BD%8F%E0%BD%BA%E0%BD%A2%E0%BC%8B%E0%BD%81%E0%BC%8B%E0%BD%A6%E0%BE%94%E0%BD%BC%E0%BD%82%E0%BC%8B%E0%BD%A0%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A0%E0%BD%9B%E0%BD%B2%E0%BD%93%E0%BC%8B%E0%BD%96%E0%BD%9F%E0%BD%B4%E0%BD%84%E0%BC%8B%E0%BD%96%E0%BE%B1%E0%BD%A6%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%84%E0%BD%BC%E0%BC%8B%E0%BD%A2%E0%BE%92%E0%BD%BC%E0%BD%A3%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%A0%E0%BD%82%E0%BD%B4%E0%BD%A3%E0%BC%8B%E0%BD%A6%E0%BE%A4%E0%BD%BA%E0%BD%A3%E0%BC%8B%E0%BD%A6%E0%BD%BC%E0%BD%84%E0%BC%8B%E0%BC%8D

16/12/2025

བོད་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་བོད་མི་༨༠་ཙམ་འཛིན་བཟུང་བྱས་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༥་ཟླ་༡༢ ཚེས་༡༦ ཉིན་སྤེལ། ཟླ་སྔོན་མའི་ནང་བོད་ཁམས་རྫ་ཆུ་ཁར་རྒྱ་མི་ཚོས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་སྐབས། ས་གནས་མི་མང་གིས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་བཅར་རྡུང་དང་འཛིན་བཟུང་བྱས་ནས་རྫོང་ཐོག་ཏུ་བཙན་ཁྲིད་བྱས་ཡོད་འདུག བོད་མི་ཚོ་ད་དུང་ཡང་གློད་གྲོལ་གཏོང་མེད་པ་མ་ཟད་བོད་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

Chinese authorities have arrested approximately 80 Tibetans for protesting against illegal gold mining activities carried out by a Chinese company in Kashi, Kham Zachukha, in eastern Tibet. The Tibetans were beaten and detained in the county on 6 November 2025. According to reliable sources, they have still not been released and some are missing. The villages are surrounded by Chinese armed forces, who are closely monitoring the Tibetans' every movement. The Tibet Policy Institute (TPI) of CTA held a press conference on the critical situation in Kashi, Kham Zachukha, in eastern Tibet, on December 16, 2025, in the TPI hall in Gangkyi, Dharamshala.

15/12/2025

དགའ་ལྡན་ལྔ་མཆོད་སྐབས་སུ་བོད་ནང་རྒྱ་གཞུང་གིས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་བཀྲམས་ནས་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག དེ་ཡང་བོད་མི་རྣམས་ཇོ་ཁང་ལ་སྐོར་ར་འགྲོ་སྐབས་ཉེན་རྟོག་པ་དང་དམག་མི་ཚོས་རྟོག་ཞིབ་ནན་པོ་བྱས་ནས་བཏང་ཡོད་འདུག

The Chinese armed forces tightened their control over Tibetans during Gaden Ngamcho and surrounded Tibetans in Lhasa as they cycled around Jokhang Temple. Tibetans were commemorating Gaden Ngamcho, one of Tibet's important religious festivals, which marks the anniversary of Lama Tsongkhapa's parinirvana, observed on the 25th day of the 10th month of the Tibetan calendar. In 2025, this festival fell on Sunday, 14 December 2025. The main celebration consists of the offering of countless lights, usually butter lamps, on their windowsills and rooftops, illuminating monasteries and communities. This day is celebrated by Tibetan Buddhists around the world, with major events held at monasteries such as Drepung and Ganden in India and Tibet.

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག བོད་ཟླ་ ༡༠ ཚེས...
14/12/2025

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

བོད་ཟླ་ ༡༠ ཚེས་ ༢༥ ཉིན་དང་ཕྱི་ལོ་༢༠༢༥་ཟླ་ ༡༢ ཚེས་ ༡༤ ཉིན། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། སྐབས་དེར། ༸གོང་ས་མཆོག་ལ་རི་བོ་དགེ་ལྡན་པ་སྤྱི་ནས་ཁོང་གིས་ཕྱི་ལོ་ ༡༩༧༤ ལོར་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་མཛད་དེ་ལོ་ངོ་ ༥༡ འཁོར་བར་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཡོད་འདུག

སྐུ་པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ལས་བླངས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་ནས་ཕེབས་ས...
12/12/2025

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་ནས་ཕེབས་སྟོན་མཛད་སྒོར་དབུ་བཞུགས་མཛད་ཡོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཧུབ་ལི་(Hubli)གནམ་ཐང་དུ་ཆིབས་བསྒྱུར་དང་། དེ་ནས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕེབས་སྟོན་མཛད་སྒོར་དབུ་བཞུགས་མཛད་ཡོད་འདུག

སྐུ་པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

ཉེ་ཆར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས...
12/12/2025

ཉེ་ཆར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ནི་རྒྱ་གཞུང་གི་ཁྲིམས་དང་མཐུན་པ་དགོས་ཞེས་བརྗོད་ཡོད་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་ངོས་ལེན་མེད་ཅེས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

Address


Opening Hours

Monday 09:00 - 17:00
Tuesday 09:00 - 17:00
Wednesday 09:00 - 17:00
Thursday 09:00 - 17:00
Friday 09:00 - 17:00

Telephone

+919418143289

Alerts

Be the first to know and let us send you an email when ཤམ་བྷ་ལའི་ཕོ་ཉ། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to ཤམ་བྷ་ལའི་ཕོ་ཉ།:

  • Want your business to be the top-listed Media Company?

Share